ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་རྒྱལ་ཁོངས་ལས་བརྒལ་བའི་ཀུང་ཟིའི་འགོ་ཁྲིད་པའི་ཆིན་ཏའོ་མཐོ་རིམ་གྲོས་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཚེས་བཅུ་དགུ་ཉིན། ཧྲན་ཏུང་ཆིན་ཏའོ་ནས་བསྡུས་པའི་རྒྱལ་ཁོངས་ལས་བརྒལ་བའི་ཀུང་ཟིའི་འགོ་ཁྲིད་པ་ཡི་ཆིན་ཏའོ་མཐོ་རིམ་གྲོས་ཚོགས་ཀྱི་འགོ་རྩོམ་མཛད་སྒོའི་སྟེང་ཞུགས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་ཡིག་སྒྲོག་འདོན་བྱས་ནས་ཤིས་ཚིག་ཕུལ།

ཧན་ཀྲིན་གྱིས་གསུང་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆེད་མངགས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་དེའི་ཐོག་ནས། ཀྲུང་གོ་སྲིད་གཞུང་གིས་ཕྱོགས་གཉིས་ཀྱི་མཉམ་ལས་གཉིས་ཕན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་གང་ལེགས་མཚོན་ཡོད། ལོ་ངོ་བཞི་བཅུ་ལྷག་གི་རིང་ལ་རྒྱལ་ཁོངས་ལས་བརྒལ་བའི་ཀུང་ཟི་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་ཀྲུང་གོར་མ་འཇོག་ལས་བཏོད་བྱས་ནས་ཀྲུང་གོར་སྔོན་ཐོན་གྱི་ལག་རྩལ་སྒྲིག་ཆས་དང་ཕུན་སུམ་ཚོགས་པའི་དོ་དམ་ཉམས་མྱོང་། སྤུས་ལེགས་ཀྱི་ཐོན་རྫས་ཞབས་ཞུ། སྔོན་ཐོན་གྱི་གསར་གཏོད་ཐོན་ཁུངས་བཅས་མཁོ་འདོན་བྱས་ནས་ཀྲུང་གོའི་བཟོ་ལས་ཅན་གྱི་འཕེལ་རིམ་མགྱོགས་སུ་བཏང་སྟེ་ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།