ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་གྱིས་སིང་ག་ཕོར་གྱི་ཙུང་ལི་གཞོན་པ་དང་ནོར་སྲིད་པུའུ་ཀྲུང་ཝང་རུའེ་ཅེ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲིན་གྱིས་ཟླ་བཅུ་བའི་ཚེས་བཅུ་བདུན་ཉིན་ཀྲུང་ནན་ཧའེ་ནས་སིང་ག་ཕོར་གྱི་ཙུང་ལི་གཞོན་པ་དང་ནོར་སྲིད་པུའུ་ཀྲང་ཝང་རུའེ་ཅེ་ལ་མཇལ་འཕྲད་གནང་།

ཝང་ཆི་ཧྲན་གྱིས་བསྟན་དོན། ད་ལོ་ནི་སིང་ག་ཕོར་གྱིས་ཚོང་འབྲེལ་བཙུགས་ནས་ལོ་འཁོར་ཉིས་བརྒྱ་ལོན་པའི་ལོ་ཡིན་ལ། སང་ལོ་ནི་ཀྲུང་གོ་དང་སིང་ག་ཕོར་བར་འབྲེལ་བ་བཙུགས་ནས་ལོ་འཁོར་སུམ་ཅུ་ལོན་པའི་ཡིན་པས། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་སྔོན་རབས་འགོ་ཁྲིད་མི་སྣའི་མཐོང་རྒྱ་དང་བློ་གྲོས་རྒྱུན་འཛིན་བྱེད་པ་དང་། དུས་རབས་གསར་བའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ། སྤུས་ཚད་མཐོན་པོས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱས་ཏེ། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མཉམ་ལས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བ་དང་རིམ་པ་སྤོར་བར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་བགྲོད་ལམ་གྱི་གདམ་བསེས་དང་ལོ་ངོ་བརྒྱ་ལྷག་རིང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་འཚོལ་སྙེག་བྱས་པའི་འཐབ་རྩོད་ལོ་རྒྱུས་དང་། ལོ་ངོ་སྟོང་ཕྲག་ལྔ་ལྷག་གི་ཀྲུང་ཧྭའི་དཔལ་ཡོན་གཞི་རྒྱུ་དང་དམ་དུ་སྦྲེལ་ཡོད། ཀྲུང་གོས་མུ་མཐུད་དུ་རིག་ལམ་གསལ་བོ་བྱེད་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ཐག་བཅད་དེ། འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་མིའི་རིགས་ཀྱི་མདུན་དུ་ལྷགས་པའི་འགྲན་རྩོད་ལ་ཁ་གཏད་འཇལ་རྒྱུ་ཡིན་ཟེར།

ཝང་རུའེ་ཅེ་ཡིས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོའི་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ཆེན་པོར་ཡིད་སྨོན་བྱས་ལ། མུ་མཐུད་དུ་ཀྲུང་གོའི་བར་གྱི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་དང་སྐམ་མཚོའི་བགྲོད་ལམ་གསར་བ་སོགས་ཕྱོགས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མ་ཆད་པར་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།