ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ནེའུ་ཙི་ལན་གྱི་ཙུང་ལི་ཟུར་པ་ཡའོ་ཧན་ཅི་དང་མཇལ་འཕྲད་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2019-10-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ10བའི་ཚེས16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོ་རུ་ནེའུ་ཙི་ལན་གྱི་ཙུང་ལི་ཟུར་པ་ཡའོ་ཧན་ཅི་དང་མཇལ་འཕྲད་གནང་།

1.jpg

ཟླ10བའི་ཚེས16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོ་རུ་ནེའུ་ཙི་ལན་གྱི་ཙུང་ལི་ཟུར་པ་ཡའོ་ཧན་ཅི་དང་མཇལ་འཕྲད་གནང་བཞིན་པ།

ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་རྒྱལ་སྤྱིའི་གནས་བབ་ལ་གཏིང་ཟབ་ཅིང་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འབྱུང་བཞིན་ཡོད།  དུས་བབ་གསར་པའི་འོག་ཀྲུང་གོའི་ཕྱི་ཕྱོགས་དང་མཉམ་ལས་བྱེད་པའི་འདུན་པ་ཆུང་དུ་ཕྱིན་མེད་པར་སྔར་བས་ཆེ་རུ་ཕྱིན་ཡོད། ཀྲུང་གོས་ཞི་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས། ཀྲུང་གོའི་ཕྱི་ཕྱོགས་སྒོ་མོ་འབྱེད་རྒྱ་ཇེ་ཆེར་འགྲོ་ངེས་ཡིན། རྒྱལ་ཁབ་སོ་སོ་དང་རྒྱལ་ཁབ་སོ་སོའི་ཁེ་ལས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་གཉིས་ཕན་མཉམ་རྒྱལ་དེ་བས་ལེགས་པོ་ཡོང་རྒྱུར་དགའ་བསུ་ཞུ་བ་ཡིན། ཞི་ཅིན་ཕིང་གིས་སྐུ་ཞབས་ཡའོ་ཧན་ཅིས་ཙུང་ལིའི་འགན་བཞེས་པའི་རིང་ཀྲུང་གོ་དང་ནེའུ་ཙི་ལན་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་བྱས་རྗེས་ཆེན་པོ་བཞག་ཡོད། ཁྱེད་ཀྱིས་མུ་མཐུད་དུ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་མཉམ་ལས་ཇེ་ཟབ་ཏུ་གཏོང་ཆེད་འབད་བརྩོན་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

 ཡའོ་ཧན་ཅི་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོའི་རྟེན་འབྲེལ་བྱེད་སྒོ་སྤེལ་པ་བརྗིད་ཉམས་ཆེ་ཞིང་མི་རྣམས་ཀྱིས་བསྟོད་བསྔགས་བྱེད་ཀྱིན་ཡོད། ཀྲུང་གོའི་འཕེལ་རྒྱས་ནི་འཛམ་གླིང་གི་གོ་སྐབས་ཡིན་ལ། ལོ་རྒྱུས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མིག་རྒྱང་རིང་བའི་ལྟ་བ་དང་དང་ཁྱད་དུ་འཕགས་པའི་འགོ་ཁྲིད་ཀྱི་ནུས་པ་ར་སྤྲོད་བྱེད་ཐུབ་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་གྲུབ་འབྲས་ཆེན་པོ་ཐོབ་ངེས་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད། 

 ཝང་དབྱི་མཇལ་འཕྲད་སྟེང་ཞུགས་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།