ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་རྒྱ་གར་གྱི་ཙུང་ལི་དང་མཇལ་འཛོམས་ཐེངས་གཉིས་པ་མཇུག་སྒྲིལ་བ་དང་བལ་བོར་རྒྱལ་དོན་འཚམས་འདྲི་གནང་ནས་པེ་ཅིང་དུ་ཕྱིར་ལོག་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-10-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་དངོས་གཞི་མིན་པའི་ཐུག་འཕྲད་ཐེངས་གཉིས་པ་མཇུག་རྫོགས་པ་དང་བལ་བོར་རྒྱལ་དོན་འཚམས་འདྲི་གནང་རྗེས་པེ་ཅིན་དུ་ཕྱིར་ལོག

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་གཞུང་སྒྲུབ་ཐིང་ཀྲུའུ་རེན་བཅས་ཡིན་པའི་ཏིང་ཞུའེ་ཞང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་ལས་དོན་ཨུ་ལྷན་གཞུང་དོན་ཁང་གི་ཀྲུའུ་རེན་དབྱང་ཅེ་ཁྲེ། རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་གཅིག་ལྕོགས་བཞེས་པའི་ཝང་དབྱི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཧོ་ལི་ཧྥུང་སོགས་ཕེབས་རོགས་མི་སྣ་དང་མཉམ་དུ་འབྱོར་ཡོད་པ་རེད།

1.jpg

ས་གནས་དེ་གའི་དུས་ཚོད་ཟླ10བའི་ཚེས13ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཅ་ཏོའུ་མན་རྡུར་དང་བྲལ་ནས་རང་རྒྱལ་དུ་ཕྱིར་ལོག་པ་རེད། ནེ་པ་ལའི་ཙུང་ཐུང་པན་ཏ་ལིས་གནམ་གྲུ་ཐང་དུ་ཞི་ཅིན་ཕིང་ལ་ཕེབས་སྐྱེལ་མཛད་སྒོ་གཟབ་རྒྱས་ངང་འཚོགས་ཤིང་། ནེ་པ་ལའི་ཙུང་ཐུང་གཞོན་པ་ཕུའུ་ཨེན་དང་ཙུང་ལི་ཨའོ་ལི། རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཁང་གི་ཀྲུའུ་ཞི་ཏི་སྨིར་ཤིས་ན། ནང་བློན་ཁོངས་མི་དང་དམག་ཕྱོགས་ཀྱི་མཐོ་རིམ་དམག་དཔོན་བཅས་མཛད་སྒོར་ཞུགས་ཡོད་པ་རེད།

ས་གནས་དེ་གའི་ཚེས་13ཉིན་གྱི་ཉིན་གུང་། ཞི་ཅིན་ཕིང་མན་རྡུར་ནས་བྲལ་ནས་རྒྱལ་ནང་དུ་ཕྱིར་ལོག་གནང་བ་རེད། བལ་བོའི་མང་ཚོགས་ཁྲི་སྟོང་མང་པོ་རང་འགུལ་ངང་ཁྲོམ་གཞུང་དུ་བསྐྱོད་དེ་གནམ་ཐང་དུ་སྐྱོད་པའི་ལམ་གྱི་གཡས་གཡོན་དུ་འཛོམས་ཡོད། ཁོ་ཚོས་རྒྱལ་ཁབ་གཉིས་པོའི་རྒྱལ་དར་གཡུག་པ་དང་། ལ་ལས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་པན་ཏ་ལིའི་པར་དང་དེ་བཞིན“མཛའ་གྲོགས་ཁྲི་ལོར་བརྟན་པར་ཤོག”ཅེས་པ་མཐོན་པོར་སྒྲེང་། ལ་ལས་བལ་བོའི་མི་རིགས་རོལ་ཆ་དཀྲོལ་བ། ལ་ལས་རྔ་རྡུང་རོལ་མོ་དཀྲོལ་བ་དང་། ལ་ལས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་གུས་འདུད་ཞུས་པ་རེད།

པན་ཏ་ལིས་གནམ་ཐང་དུ་ཞི་ཅིན་ཕིང་ལ་ཕེབས་སྐྱེལ་མཛད་སྒོ་གཟབ་རྒྱས་ངང་བསྡུས་པ་དང་། བལ་བོའི་ཙུང་ཐུང་གཞོན་པ་ཕུའུ་ཨེན་དང་། ཙུང་ལི་ཨོ་ལི་དང་། རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་ཀྲུའུ་ཞི་ཏི་སྨིར་ནཱ། ནང་བློན་ཁོངས་མི། མཐོ་རིམ་དམག་དཔོན་སོགས་ཞུགས་ཡོད་པ་རེད།

2.jpg

ས་གནས་དེ་གའི་དུས་ཚོད་ཟླ10བའི་ཚེས13ཉིན་གྱི་ཉིན་དགུང་།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཅ་ཏོའུ་མན་རྡུར་ཕེབས་ནས་རང་རྒྱལ་དུ་ཕྱིར་ལོག་པ་རེད། ནེ་པ་ལའི་ཙུང་ཐུང་པན་ཏ་ལིས་གནམ་གྲུ་ཐང་དུ་ཞི་ཅིན་ཕིང་ལ་ཕེབས་སྐྱེལ་མཛད་སྒོ་གཟབ་རྒྱས་ངང་འཚོགས་ཤིང་། ནེ་པ་ལའི་ཙུང་ཐུང་གཞོན་པ་ཕུའུ་ཨེན་དང་།ཙུང་ལི་ཨའོ་ལི། རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཁང་གི་ཀྲུའུ་ཞི་ཏི་སྨིར་ཤིས་ན། ནང་བློན་ཁོངས་མི་དང་དམག་ཕྱོགས་ཀྱི་མཐོ་རིམ་དམག་དཔོན་བཅས་མཛད་སྒོར་ཞུགས་ཡོད་པ་རེད།

ཟླ་10བའི་མན་ཏུའུ་ཡི་གནམ་གཤིས་ཧ་ཅང་བཟང་བ་དང་། རི་བོ་ཧི་མ་ལ་ཡ་བརྗིད་ཆགས་འགྱིང་ངེར་ལངས་ནས་བལ་བོའི་མི་དམངས་ཀྱི་བརྩེ་སེམས་ཟབ་མོ་མངོན་ཡོད། ཞི་ཅིན་ཕིང་གནམ་ཐང་དུ་ཕེབས་འབྱོར་ཟིན་ནས་ཙུང་ཐུང་པན་ཏ་ལིའི་མདུན་དུ་ཕེབས་བསུ་ཞུས་པ་རེད། གཟབ་མཆོར་ལེགས་པར་སྤྲས་པའི་བལ་བོའི་སྒྱུ་རྩལ་མཁས་ཅན་གྱིས་གླུ་ལེན་གར་འཁྲབ་བྱེད་པ་དང་ལོ་ཆུང་བྱིས་པས་རྒྱལ་ཁབ་གཉིས་པོའི་རྒྱལ་དར་འཁྱེར་ནས“སྤོ་བོ་ཞི་ལགས་རྗེས་སུ་མཇལ་ཡོང་།” “ང་ཚོ་ཁྱེད་ལ་དགའ།” “སླར་ཡང་བལ་བོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུ” ཞེས་བཤད། ཞི་ཅིན་ཕིང་གིས་དགའ་སྐྱེལ་མི་ཚོགས་ལ་ཕྱག་གཡུག་གཡུག་གནང་ནས་གུས་འདུད་ཞུས་པ་རེད།

ཞི་ཅིན་ཕིང་གིས་པན་ཏ་ལིའི་ཕེབས་རོགས་འོག་གཟིགས་ཞིབ་སྟེགས་བུའི་ཐོག་ཕེབས་པ་དང་། རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་ནས་རྟེན་འབྲེལ་མེ་སྒྱོགས21བརྒྱབ་པ་རེད།

ཞི་ཅིན་ཕིང་གིས་བལ་བོའི་མི་རིགས་རོལ་དབྱངས་དང་ཕྲུ་གུ་ཚོའི་དགའ་འབོད་ཁྲོད་བལ་བོའི་ཕྱོགས་ཀྱི་མཐོ་རིམ་དཔོན་རིགས་རེ་རེ་བཞིན་ཕྱག་བཏང་གནང་བ་རེད། པན་ཏ་ལིས་ཀྲུང་གོ་ཕྱོགས་ཀྱི་ཕེབས་རོགས་མི་སྣ་དང་ཕྱག་བཏང་གནང་བ་རེད།

པན་ཏ་ལི་ཡི་བུ་མོ་ཝུའུ་ཧྲ་ཡིས་ཞི་ཅིན་ཕིང་ལ་མེ་ཏོག་ཕུལ། ཞི་ཅིན་ཕིང་གིས་བྱམས་བརྩེའི་ངང་ཞལ་གྱེས་གནང་བ་རེད། ཞི་ཅིན་ཕིང་གིས་ད་ཐེངས་ངས་བལ་བོར་འཚམས་འདྲི་བྱས་པར་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད། ངས་བལ་བོའི་ས་ཆར་འབྱོར་མ་ཐག་བལ་བོའི་སྲིད་གཞུང་དང་མི་དམངས་ཀྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ། བལ་བོའི་ལས་རིགས་ཁག་གི་མི་སྣ་དང་མི་དམངས་མང་ཚོགས་ཀྱི་ལྷག་བསམ་ཟོལ་མེད་དང་འོད་སྟོང་འཕྲོ་བའི་འཛུམ་མདངས་ཁྲོད་ནས་ངས་ཀྲུང་བལ་མཛའ་གྲོགས་དང་སྲོལ་རྒྱུན་མཛའ་མཐུན་མི་སོ་སོར་སེམས་གཏིང་དུ་ཟུག་ཡོད་པ་ཚོར། ཙུང་ཐུང་མཁྱེན་ལྡན་མ་དང་བལ་བོའི་སྲིད་གཞུང་དང་མི་དམངས་ཀྱིས་ང་ལ་འཚམས་འདྲི་གནང་བར་བཀོད་སྒྲིག་ཞིབ་ཚགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཐེངས་འདིའི་འཚམས་འདྲི་ཡིས་ཀྲུང་བལ་འབྲེལ་བ་ཇེ་བཟང་དུ་བཏང་བས་ང་རང་ཧ་ཅང་ཡིད་ཚིམ། ང་ཚོས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་མཛའ་མཐུན་རྒྱུན་འཛིན་དང་འཕེལ་རྒྱས་ཡོང་བར་བྱ་དགོས་ཞེས་བཤད།

པན་ཏ་ལིས་ཁྱེད་རང་འཚམས་འདྲིར་ཕེབས་པ་ནི་བལ་བོའི་མི་དམངས་ཀྱི་གཟི་བརྗིད་ཡིན། འཚམས་འདྲི་ལེགས་འགྲུབ་བྱུང་བ་དང་གྲུབ་འབྲས་མི་དམན་པ་བྱུང་བ་ནི་ཀྲུང་བལ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལོ་རྒྱུས་ཐོག་གི་རྡོ་རིང་གལ་ཆེན་ཞིག་ཏུ་གྱུར་ནས་ཀྲུང་བལ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་དུས་རབས་གསར་པར་སླེབས་པ་དང་མཐོ་ཚད་གསར་པར་སླེབས་ཡོད། བལ་བོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་ཁྱིམ་མཚེས་མཛའ་གྲོགས་དང་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།