ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་རྒྱ་གར་གྱི་ཙུང་ལི་བར་གྱི་དངོས་གཞི་མིན་པའི་གྲོས་མོལ་ཐེངས་གཉིས་པ་དང་བལ་བོའི་རྒྱལ་དོན་འཚམས་འདྲི་མཇུག་བསྒྲིལ་ནས་ཕྱིར་པེ་ཅིན་དུ་ལོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

ཟླ་བཅུ་བའི་ཚེས་བཅུ་གསུམ་ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱ་གར་གྱི་ཙུང་ལི་མཱོ་ཏིས་བར་གྱི་དངོས་གཞི་མིན་པའི་གྲོས་མོག་ཐེངས་གཉིས་པ་དང་བལ་བོའི་རྒྱལ་དོན་འཚམས་འདྲི་མཇུག་བསྒྲིལ་རྗེས་ཕྱིར་པེ་ཅིན་དུ་ལོག  ས་དེའི་ཚེས་བཅུ་གསུམ་ཉིན་གྱི་ཉིན་གུང་། པན་ཏ་ལིས་ཀྱིས་བུ་མོ་ཝུའུ་ཧྲ་ཁྲིད་དེ་གནམ་གྲུའི་འགྲམ་དུ་ཡོང་ནས་སྐྱེལ་མ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་བའི་ཚེས་བཅུ་གསུམ་ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱ་གར་གྱི་ཙུང་ལི་མཱོ་ཏིས་བར་གྱི་དངོས་གཞི་མིན་པའི་གྲོས་མོག་ཐེངས་གཉིས་པ་དང་བལ་བོའི་རྒྱལ་དོན་འཚམས་འདྲི་མཇུག་བསྒྲིལ་རྗེས་ཕྱིར་པེ་ཅིན་དུ་ལོག

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཏིང་ཞུའེ་ཞང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དབྱང་ཅེ་ཁྲི། རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧི་ལིས་ཧྥུན་སོགས་འགྲོ་རོགས་མི་སྣ་ཚོ་ཡང་གནམ་གྲུ་གཅིག་ལ་བསྡད་དེ་ཕྱིར་པེ་ཅིན་དུ་ལོག

ས་དེའི་ཚེས་བཅུ་གསུམ་ཉིན་གྱི་ཉིན་གུང་། ཞི་ཅིན་ཕིང་ཀ་ཏ་མན་རྡུ་དང་ཁ་བྲལ་ནས་ཕྱིར་པེ་ཅིན་དུ་ལོག་འགོ་བརྩམས། གནམ་གྲུ་ཐང་དུ་བསྐྱོད་པའའི་ལམ་བར་དུ། བལ་བོའི་མང་ཚོགས་སྟོང་ཕྲག་མང་པོས་ཀྲུང་གོ་དང་བལ་བོ་གཉིས་ཀྱི་རྒྱལ་དར་གཡུག་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་པན་ཏ་ལིས་གཉིས་ཀྱི་འདྲ་པར་དང་ཀྲུང་གོ་དང་བལ་བོའི་མཛའ་བརྩེ་ཁྲི་ལོར་བརྟན་པོར་ཤོག་ཅེས་པའི་སྦྱར་ཡིག་མཐོན་པོར་སྒྲེང་ནས་སྐྱེལ་མ་བྱས།

གནམ་གྲུ་ཐང་དུ། ཞི་ཅིན་ཕིང་པན་ཏ་ལིས་ཀྱིས་འགྲོ་རོགས་འོག་གཟིགས་ཞིབ་སྟེགས་བུའི་སྟེང་འཛེག་པ་དང་། དམག་དཔུང་རོལ་མོ་རུ་ཁག་གིས་ཀྲུང་གོ་དང་བལ་བོ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ། གུས་ལུགས་མེ་སྒྱོགས་ཉེར་གཅིག་བརྒྱབ།

ཞི་ཅིན་ཕིང་གིས་བལ་བོའི་མི་རིགས་རོལ་མོ་དང་བྱིས་པ་ཚོའི་དགོད་སྒྲའི་ཁྲོད་ཀྲུང་གོ་དང་བལ་བོའི་མཐོ་རིམ་དཔོན་པོ་རེ་རེ་དང་ལག་འཇུ་བྱས་ནས་གྱེས་ཕྱག་ཕུལ། པན་ཏ་ལིས་ཀྱིས་ཀྲུང་གོའི་འགྲོ་རོགས་མི་སྣར་ལག་འཇུ་བྱས།

བལ་བོའི་ཙུང་ཐུང་གཞོན་པ་ཕུའུ་ཨིན་དང་ཙུང་ལི་ཨོ་ལིས། རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་རྒྱལ་ཕྲན་མཉམ་འབྲེལ་ཁང་གི་ཀྲུའུ་ཞི་ཏེ་མིས་ཨེར་ཞི་ནཱ། ནང་སྲིད་ཁོངས་མི་ཡོངས། དམག་ཕྱོགས་ཀྱི་མཐོ་རིམ་དཔོན་པོ་བཅས་སྐྱེལ་མ་ཞུ་བའི་མཛད་སྒོར་ཞུགས། པན་ཏ་ལིས་ཀྱིས་བུ་མོ་ཝུའུ་ཧྲ་ཁྲིད་དེ་གནམ་གྲུའི་འགྲམ་དུ་ཡོང་ནས་སྐྱེལ་མ་བྱས། ཞི་ཅིན་ཕིང་གིས་པན་ཏ་ལིས་དང་བདེ་མོ་བཞག ཞི་ཅིན་ཕིང་གིས་གསུང་རྒྱུར། ངའི་ཐེངས་འདིའི་བལ་བོའི་འཚམས་འདྲི་ཡོངས་འགྲུབ་ལེགས་པོ་བྱུང་ལ། བལ་བོའི་སྲིད་གཞུང་དང་མི་དམངས་ཀྱིས་ང་ལ་དགའ་བསུ་ཆེན་པོ་ཞུས། བལ་བོའི་ལས་རིགས་མི་སྣ་དང་མི་དམངས་མང་ཚོགས་ཀྱི་འཛུམ་མདངས་ཁྲོད། ངས་ཀྲུང་གོ་དང་བལ་བོའི་མཛའ་བརྩེ་ཟབ་མོ་ཉམས་སུ་མྱོང་ཐུབ་པ་བྱུང་ལ། ཀྲུང་གོ་དང་བལ་བོའི་སྲོལ་རྒྱུན་མཛའ་བརྩེ་བརྟན་ཞིང་སྲ་བར་ཡིད་ཆེས་བརྟན་པོ་ཡོད། ཙུང་ཐུང་ལྕམ་མོ་དང་བལ་བོའི་སྲིད་གཞུང་། མི་དམངས་ཀྱིས་ངས་ཐེངས་འདིའི་འཚམས་འདྲི་ཐད་ནས་བཀོད་སྒྲིག་ཞིབ་མོ་བྱས་པར་བཀའ་དྲིན་ཞུས་པ་ཡིན། ཐེངས་འདིའི་འཚམས་འདྲི་ཡིས་ཀྲུང་གོ་དང་བལ་བོའི་འབྲེལ་བ་མཐོར་འདེགས་བཏང་བར་ང་རང་ལ་ཡིད་ཚིམ་ཡོད། ང་ཚོས་མཉམ་དུ་འབད་འཐབ་བྱས་ཏེ། ཀྲུང་གོ་དང་བལ་བོའི་མཛའ་བརྩེ་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།