ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་བལ་བོའི་གུང་ཁྲན་ཏང་མཉམ་འབྲེལ་ཀྲུའུ་ཞིར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ས་དེའི་ཚེས་བཅུ་གསུམ་ཉིན། ཀ་ཏ་མན་རྡུ་ཞ་ཐ་གསོལ་མགྲོན་ཁང་ནས་བལ་བོའི་གུང་ཁྲན་ཏང་མཉམ་འབྲེལ་ཀྲུའུ་ཞི་ཕུའུ་ལཱ་ཁྲང་ཏཱར་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བཞེད་དོན། ཀྲུའུ་ཞི་ཕུའུ་ལཱ་ཁྲང་ཏཱ་ནི་བལ་བོའི་ཆབ་སྲིད་པ་རྒན་གྲས་ཡིན་ལ་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་བཟང་བོ་དང་གྲོགས་པོ་རྙིང་བའང་ཡིན་པར་མ་ཟད། ཀྲུང་གོ་དང་བལ་བོ་ཡི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་བྱས་རྗེས་ཆེན་པོ་བཞག་ཡོད། ན་ནིང་ཁྱོད་ཀྱིས་ཙུང་ལི་ཨོ་ལིས་དང་ལྷན་དུ་ཆབ་སྲིད་ཀྱི་བརྡར་ཐག་བཅད་དེ། མཉམ་འབྲེལ་སྒོས་བལ་བོའི་གུང་ཁྲན་ཏང་བཙུགས་ནས། རྒྱལ་ཁབ་ཀྱི་སྲིད་ཇུས་བརྟན་འཇགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་དུས་རིམ་གསར་བ་བཏོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་བལ་བོའི་རི་ཆུ་འདབས་འབྲེལ་དུ་གནས་ཡོད་ཅིང་། ཀྲུང་གོ་ཕྱོགས་ཀྱིས་བལ་བོས་ཀྲུང་གོའི་སྲོག་ཤིང་ཁེ་ཕན་གནད་དོན་སྟེང་ནས་དུས་ཡུན་རིང་བོར་རྒྱབ་སྐྱོར་གྱི་རྣམ་འགྱུར་བརྟན་པོ་བཅངས་པར་བཀའ་དྲིན་ཆེ་ཞུས་པ་ཡིན་ལ། རེ་བ་ཡིན་ན་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་འབྲེལ་བ་གཏིང་ཟབ་དུ་བཏང་ནས། བལ་བོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རོགས་འདེགས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་གཏོང་འདོད་ཡོད་ཟེར།

ཕུའུ་ལཱ་ཁྲང་ཏཱ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་བལ་བོར་རྒྱལ་དོན་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པར་མ་ཟད། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུས་ཏེ་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་སྣེ་ཁྲིད་དེ་སྔར་ན་མེད་པའི་འགྱུར་ལྡོག་ཆེན་པོ་བྱུང་དུ་བཅུག་ཡོད་པའི་དོན་དེར་བལ་བོའི་གུང་ཁྲན་ཏང་ཕྱོགས་ཀྱིས་གོང་བཀུར་ཆེན་པོ་བྱེད་ཀྱིན་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་མུ་མཐུད་དུ་ཀྲུང་གོ་མི་དམངས་ལ་སྣེ་ཁྲིད་དེ་དཀའ་ངལ་ཅི་ཡོད་ལས་རྣམ་པར་རྒྱལ་ནས། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་བདེ་ལེགས་ངང་མངོན་འགྱུར་ཡོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་ཡིད་ཆེས་ཆེན་པོ་ཡོད་ཟེར།

ཏིང་ཞུའེ་ཞང་དང་དབྱང་ཅེ་ཁྲི། ཝང་ཡུས་སོགས་ཐེངས་འདིའི་མཇལ་འཕྲད་ལ་ཞུགས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།