ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་རྒྱ་གར་གྱི་ཙུང་ལི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

201910130930320X56.jpg

ས་དེའི་ཚེས་བཅུ་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅིན་ནའེ་ནས་རྒྱ་གར་གྱི་ཙུང་ལི་མའོ་ཏིས་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ས་དེའི་ཚེས་བཅུ་གཅིག་ཉིན་ཅིན་ནའེ་ནས་རྒྱ་གར་གྱི་ཙུང་ལི་མའོ་ཏིས་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་མགྲོན་ཁང་ནས་རླངས་འཁོར་ལ་བསྡད་དེ་མཱ་ཧྭ་པ་ལིས་ཕུའུ་ལ་མུའུ་གནའ་བོའི་དགོན་སྡེ་རུ་ཕེབས་པ་དང་། མའོ་ཏིས་ཀྱིས་སྒོ་མདུན་ནས་བསུ་མ་བྱས་ཏེ། ཞི་ཅིན་ཕིང་ཅིན་ནའེ་རུ་ཕེབས་པར་དགའ་བསུ་ཆེན་པོ་བྱས། ཞི་ཅིན་ཕིང་གིས་བསྟན་དོན། ན་ནིང་ངས་ཝུའུ་ཧན་ནས་སྐུ་ཞབས་ཙུང་ལི་དང་གྲོས་མོལ་བྱས་ཏེ། ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་དུས་རིམ་གསར་བ་ཞིག་ཏུ་བསླེབ་པར་སྣེ་ཁྲིད་བྱས། ཁྱེད་ཀྱིས་ང་རང་རྒྱ་གར་ལྷོ་སྣེའི་ཐའེ་མིས་ཨེར་ནཱ་ཏི་པང་ལ་གདན་འདྲེན་ཞུས་ནས་རྒྱ་གར་ལ་སྔར་ལས་རྒྱུས་ལོན་གཏིང་ཟབ་བྱེད་དུ་བཅུག་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ཟེར།

མཱ་ཧྭ་པ་ལིས་ཕུའུ་ལ་མུའུ་གནའ་བོའི་དགོན་སྡེ་རུ། མའོ་ཏིས་ཀྱིས་ཞི་ཅིན་ཕིང་དང་མཉམ་དུ་དགོན་སྡེ་ཚོགས་ལ་ལྟ་སྐོར་བྱས་པར་མ་ཟད་དངོས་སུ་འགྲེལ་བཤད་བྱས། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་སྣས་ལྟ་སྐོར་བྱེད་ཞོར་དུ་གླེང་མོལ་བྱས་ནས་བརྗེ་རེས་གཏིང་ཟབ་བྱས།

ཞི་ཅིན་ཕིང་གིས་བསྟན་དོན། ཐའེ་མིས་ཨེར་ནཱ་ཏི་པང་དང་ཀྲུང་གོའི་བརྗེ་རེས་ཀྱི་ལོ་རྒྱུས་ཧ་ཅང་རིང་བ་དང་། གནའ་ནས་ཀྲུང་གོའི་མཚོ་ཐོག་ཉོ་ཚོང་གི་འབྲེལ་འདྲིས་ཧ་ཅང་ཟབ་ལ། གནའ་བོའི་དར་གོས་ཚོང་ལམ་གྱི་མཚོ་ཐོག་དངོས་ཟོག་བརྒྱུད་སྐྱེལ་ས་ཚིགས་ཡིན། ཀྲུང་གོ་དང་རྒྱ་གར་གཉིས་ནི་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡོད་པའི་གནའ་བོའི་དཔལ་ཡོན་དར་བའི་རྒྱལ་ཁབ་ཡིན་པ་དང་། བརྗེ་རེས་དཔེ་ལྟ་བྱེད་རྒྱུ་དེ་ད་བར་དུ་རྒྱུན་བསྲིང་། རྒྱལ་ཁབ་གཉིས་ཀྱི་སྔོན་རབས་པས་དཀའ་ངལ་མང་པོ་ཁྱད་སེལ་བྱས་ནས། བརྗེ་རེས་རྒྱ་ཆེར་སྤེལ་བ་དང་། རྩོམ་རིག་དང་སྒྱུ་རྩལ། མཚན་ཉིད་རིག་པ། ཆོས་ལུགས་འཕེལ་རྒྱས་སུ་གཏོང་བ་དང་བརྒྱུད་སྒྲོག་བྱེད་པར་སྐུལ་འདེད་བཏང་བས། ཕྱོགས་གཉིས་ལ་ཕན་མང་པོ་བཏགས། ཀྲུང་གོ་དང་རྒྱ་གར་གྱི་མི་གཞུང་བརྗེ་རེས་ཐད་ནས་སྦས་ཤུགས་སྔོག་འདོན་བྱེད་རིན་ཡོད་པ་དང་། ཕྱོགས་གཉིས་ཀྱིས་སང་ལོའི་ཀྲུང་གོ་དང་རྒྱ་གར་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་དེ་གོ་སྐབས་སུ་བརྩིས་ནས། ཁྱབ་ཁོངས་སྔར་ལས་རྒྱ་ཆེ་བ་དང་རིམ་པ་སྔར་ལས་གཏིང་ཟབ་པའི་མི་གཞུང་བརྗེ་རེས་སྤེལ་བ་དང་། མཉམ་དུ་སྣ་མི་འདྲ་བའི་རིག་གནས་གྲོས་མོལ་བརྗེ་རེས་སྤེལ་བར་སྐུལ་འདེད་བཏང་སྟེ། ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་སྔར་ལས་རྒྱུན་རིང་བའི་སྐུལ་འདེད་ནུས་པ་བསྩལ་བ་དང་། ཨེ་ཤ་ཡའི་འོད་སྟོང་འབར་བའི་རིག་གནས་ཀྱི་ལེའུ་གསར་བ་འབྲི་དགོས་ཟེར།

མའོ་ཏིས་ཀྱིས་བསྟན་དོན། ང་ཚོ་ཡོད་སའི་གནའ་བོའི་དགོན་སྡེ་ཚོགས་འདི་ནི་རྒྱ་གར་གྱི་རིག་གནས་དང་བཟོ་སྐྲུན་གྱི་མཚོན་བྱེད་རང་བཞིན་ཡིན་ལ། རྒྱ་གར་དང་ཀྲུང་གོའི་དུས་རབས་བཅུ་ཕྲག་བརྒལ་བའི་རིག་གནས་བརྗེ་རེས་དང་ཡུན་རིང་གི་ལོ་རྒྱུས་ཀྱི་འབྲེལ་འདྲིས་ལ་བདེན་དཔང་བྱས། ལོ་ངོ་སྟོང་ཕྲག་དུ་མའི་འཕེལ་རྒྱས་བརྒྱུད་དེ། ད་ལྟ་རྒྱ་གར་དང་ཀྲུང་གོ་གཉིས་ཀ་གསར་དར་དཔལ་འབྱོར་ཕུང་བོ་གལ་ཆེན་དུ་གྱུར་ཡོད་པས། བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱུ་དེ། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ཐད་དོན་སྙིང་གལ་ཆེན་ལྡན་པ་དང་། འཛམ་གླིང་ཧྲིལ་བོའི་དར་རྒྱས་སྟོབས་འབྱོར་ལ་སྐུལ་འདེད་གཏོང་ངེས་ཟེར།

ཞི་ཅིན་ཕིང་གིས་མའོ་ཏིས་དང་མཉམ་དུ་རྒྱ་གར་གྱི་གནའ་བོའི་རིག་གནས་མཚོན་པའི་ཕཱོ་ལུའོ་ཏུའོ་བྲོ་གར་སོགས་རྒྱ་གར་གྱི་གནའ་བོའི་བྲོ་གར་ལ་བལྟས།

ཞི་ཅིན་ཕིང་དང་མའོ་ཏིས་གཉིས་ཀྱིས་རང་སོ་སོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཐད་ནས་གླེང་མོལ་བྱས་པ་དང་། རྒྱལ་སྐྱོང་སྲིད་འཛིན་ཐད་ཀྱི་ཉམས་མྱོང་བརྗེ་རེས་བྱས། ཁོང་གཉིས་ཀྱིས་མཐའ་གཅིག་ཏུ། ཀྲུང་གོ་དང་རྒྱ་གར་གྱིས་ཕན་ཚུན་ལ་བརྩི་འཇོག་དང་ཕན་ཚུན་ལ་སློབ་སྦྱོང་། ཕན་ཚུན་ལ་དཔེ་ལྟ་བྱས་ཏེ། མཉམ་དུ་འཕེལ་རྒྱས་གོང་འཕེལ་དུ་གཏོང་བ་དང་། ཀྲུང་གོ་དང་རྒྱ་གར་གྱི་རིག་གནས་ཆེན་པོ་གཉིས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་རྒྱུ་ཡིན་པའི་ཚུལ་བསྟན།

ཏིང་ཞུའེ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱི། ཧི་ལིས་ཧྥུན་སོགས་གོང་གི་བྱ་འགུལ་ལ་ཞུགས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།