ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་ཀྱི་གྲོས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་ཀྱི་གྲོས་མོལ་ཚོགས་འདུ་ཐེངས་ཉེར་བརྒྱད་པ་ཚེས་བཅུ་གཅིག་ཉིན་པེ་ཅིན་ནས་བསྡུས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་འགོ་འཛིན་གནང་ནས་ནན་གྱིས་བསྟན་དོན། ལས་ཞུགས་ནི་དམངས་ཚིས་ཀྱི་གཞི་རྩ་དང་རྒྱུ་ནོར་གྱི་འབྱུང་ཁུངས། སྤྱི་ཚོགས་བརྟན་འཇགས་ཀྱི་རྨང་རྟེན་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལས་ཞུགས་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས་ནས། སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་ལས་ཞུགས་བྱ་བ་བཟང་བོར་བསྒྲུབས་པའི་དོན་སྙིང་གལ་ཆེན་ལ་ངོས་ཟིན་ཡང་དག་འདྲོངས་བར་བྱས་ཏེ། སྦྱི་འབོར་སྒྲིག་གཞི་མཉམ་འཛིན་དང་མཁོ་འདོན་ཕྱོགས་གཉིས་ལ་ཤུགས་འདོན་རྒྱུ་རྒྱུན་འཁྱོངས་དང་། ཁྲོམ་ར་དང་སྲིད་གཞུང་གི་བྱེད་ནུས་གཅིག་གྱུར་སྒོས་འདོན་སྤེལ་བྱས་ནས། ལས་ཞུགས་སྲིད་ཇུས་ཀྱི་གནད་ཕིགས་རང་བཞིན་དང་བརྟན་འཇགས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་མངོན་སུམ་མཐོར་འདེགས་བཏང་སྟེ། སྤུས་ཚད་མཐོ་ལ་ལས་ཞུགས་འདང་ངེས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་འབད་འབུངས་བྱས་ན། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་འདེགས་སྐྱོར་སྟོབས་ལྡན་འདོན་སྤྲོད་བྱེད་དགོས་ཟེར།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀའོ་ཡོན་ལུང་གིས་བརྗོད་དོན་གཏམ་བཤད་གནང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་འགན་ཁུར་བས་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་དང་སློབ་གསོ་པུའུ། ནོར་སྲིད་པུའུ་བཅས་ཀྱི་འགན་ཁུར་བས་ཡུལ་དངོས་ནས་བསམ་བློ་བརྗེ་རེས་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།