ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཁུ་པ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་དབྱང་ཧྲུའུ་ཅི་དང་པོ་ལའོ་ཨེར.ཁཱ་སི་ཐི་ལའོ་དང་ཁུ་པ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གསར་བ་ཏིས་ཡ་སི.ཁཱ་ནེ་ཨེར་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ10བའི་ཚེས10ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སོ་སོར་ཁུ་པ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་དབྱང་ཧྲུའུ་ཅི་དང་པོ་ལའོ་ཨེར.ཁཱ་སི་ཐི་ལའོ་དང་ཁུ་པ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གསར་བ་ཏིས་ཡ་སི.ཁཱ་ནེ་ཨེར་གཉིས་ལ་གློག་འཕྲིན་བཏང་སྟེ། ཁུ་པའི་རྒྱལ་ཡོངས་མི་དམངས་སྲིད་དབང་སྐབས་དགུ་པའི་འཐུས་མིའི་ཚོགས་ཆེན་གྱི་དམིགས་བསལ་ཚོགས་འདུ་རྒྱལ་ཁའི་ངང་བསྡུས་པ་མ་ཟད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཞིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། དུས་རབས་ཕྱེད་ཀའི་ཚུན་དུ། ཀྲུང་གོ་དང་ཁུ་པ་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་མཛའ་བརྩེ་ཟབ་མོ་ཆགས་པ་དང་། ཀྲུང་གོ་དང་ཁུ་པ་གཉིས་ཕན་ཚུན་ཡིད་རྟོན་དང་སྐྱིད་སྡུག་མཉམ་མྱོང་གི་གྲོགས་པོ་བཟང་བོ་དང་སྤུན་ཟླ་བཟང་བོར་གྱུར་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ངས་ཀྲུང་གོ་དང་ཁུ་པའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཧྲུའུ་ཅི་དང་པོ་ལའོ་ཨེར.ཁཱ་སི་ཐི་ལའོ་བར་གྱི་བརྗེ་རེས་ཟབ་མོ་རྒྱུན་འཁྱོངས་བྱེད་པ། མཉམ་དུ་དུས་རབས་གསར་བའི་ཀྲུང་གོ་དང་ཁུ་པའི་མཛའ་བརྩེའི་ལེའུ་གསར་བ་འབྲི་བ་དང་། ཀྲུའུ་ཞི་ཏིས་ཡ་སི.ཁཱ་ནེ་ཨེར་དང་མཉམ་དུ་འབད་འཐབ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་རྒྱུན་མ་ཆད་པར་རྒྱ་སྐྱེད་པ་དང་། ཀྲུང་གོ་དང་ཁུ་པའི་འབྲེལ་བ་གཏན་འཇགས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།