ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་ལས་རིགས་སོ་སོའི་ཁྲོད་དུ་དོ་སྣང་ཆེན་པོ་ཐོབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་ཁྲོད་དུ་དོ་སྣང་ཆེན་པོ་ཐོབ། ཚང་མས་བཤད་རྒྱུར། ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་བ་ནས་ལངས་ཏེ། ཏང་དང་བློ་སེམས་གཅིག་མཐུན་བྱེད་པ་དང་ལག་རྡང་སྦྲེལ་ནས་མདུན་དུ་སྐྱོད་དེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་པའི་འགན་འཁྲི་དང་ཁག་ཁུར་ནུས་པ་སྔར་ལས་ཇེ་ཆེར་གྱུར་ཟེར།

ཚང་མས་བཤད་རྒྱུར། ཐོག་མའི་བསམ་འདུན་ལག་ལེན་བྱེད་པ་དང་ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་བྱེད་སྐབས་ཆེས་གལ་ཆེ་བ་ནི་བྱ་བའི་ཁྲོད་དུ་ལག་བསྟར་དང་དངོས་འབེབས་དོན་འཁྱོལ་བྱེད་པ་དང་འགན་འཁྲི་སྣ་ཚོགས་ལག་ལེན་ནན་མོ་བྱེད་རྒྱུ་དེ་ཡིན་ཟེར།

ཉིན་འདི་འགར་དམག་དཔུང་ཡོངས་ཀྱི་དཔོན་དམག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གནང་བའི་གསུང་བཤད་གལ་ཆེན་ལ་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་པས་ཁོ་ཚོར་སྐུལ་མ་ཆེན་པོ་ཐེབས། ཚང་མས་བཤད་རྒྱུར། ཅིས་ཀྱང་ངེས་པར་དུ་ཞི་ཅིན་ཕིང་གི་སྟོབས་ལྡན་དམག་དཔུང་གི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྟོབས་ལྡན་དམག་དཔུང་གི་ལག་ལེན་གསར་བར་ཞུགས་པ་དང་དོན་དངོས་ཀྱི་འགུལ་སྐྱོད་ལ་བརྟེན་ནས་གྲུབ་འབྲས་གསར་བ་གསར་སྐྲུན་བྱེད་པ་ཡིན་ཟེར།

རྒྱ་ཆེའི་དཔོན་དམག་རྣམས་ཀྱིས་སྤོབས་སེམས་ཀྱིས་ཁེངས་བའི་ཆབ་སྲིད་སྤྲོ་སྣང་དང་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་མོ་དེ་སྤོབས་པ་ཆེན་པོའི་ཁག་ཁུར་དང་འགན་འཁྲི་དང་ལེན་བྱེད་པའི་སྙིང་སྟོབས་ཀྱི་སྒུལ་ཤུགས་སུ་བསྒྱུར་བ་དང་། ལས་གནས་སུ་རྐང་འཛུགས་པ་དང་བྱ་བར་འབད་བརྩོན་བྱེད་པའི་དོན་དངོས་འགུལ་སྐྱོད་དུ་བསྒྱུར་རྒྱུའི་ཚུལ་བསྟན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།