ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་སྟེ་ཀྲུང་གོའི་བུད་མེད་ཕའེ་ཆིའུ་སྤོ་ལོ་རུ་ཁག་གིས་2019ལོའི་བུད་མེད་ཕའེ་ཆིའུ་སྤོ་ལོ་འཛམ་གླིང་བུམ་པ་རྟགས་མའི་ཨང་དང་པོ་བླངས་པར་རྟེན་འབྲེལ་ཞུས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་དྲ་བ།     སྤེལ་དུས། : 2019-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

000000.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་བུད་མེད་ཕའེ་ཆིའུ་སྤོ་ལོ་རུ་ཁག་གིས་ཉིས་སྟོང་བཅུ་དགུ་ལོའི་བུད་མེད་ཕའེ་ཆིའུ་སྤོ་ལོ་འཛམ་གླིང་བུམ་པ་རྟགས་མའི་ཨང་དང་པོ་བླངས་པས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོག་འཕྲིན་བཏང་སྟེ་ཀྲུང་གོའི་བུད་མེད་ཕའེ་ཆིའུ་སྤོ་ལོ་རུ་ཁག་གི་རུ་མི་ཡོངས་དང་རྩད་ཁྲིད་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཉིས་སྟོང་བཅུ་དགུ་ལོའི་བུད་མེད་ཕའེ་ཆིའུ་སྤོ་ལོ་འཛམ་གླིང་བུམ་པ་རྟགས་མའི་འགྲན་སྡུར་ཁྲོད་ཀྲུང་གོའི་བུད་མེད་ཕའེ་ཆིའུ་སྤོ་ལོ་རུ་ཁག་གིས་ཨང་དང་པོ་བླངས་ཏེ་མེས་རྒྱལ་དང་མི་དམངས་ལ་གཟི་བརྗིད་བསྐྲུན། ཁྱོད་ཚོས་ཐེངས་འདིའི་འགྲན་སྡུར་ཁྲོད་རུ་ཁག་རང་གི་ཁྱད་ཆོས་མངོན་པར་བྱས་པ་དང་རྩལ་དང་ནུས་པ་ཆེར་བསྐྱེད་བྱས་ཏེ་ཉམས་དགའ་བའི་གྲུབ་འབྲས་ཆེན་པོ་བླངས་པ་དེ་ལས་མཐུན་སྒྲིལ་རོགས་ལས་དང་འབད་འཐབ་ཆེར་སྐྱེད་བྱེད་པའི་བུད་མེད་ཕའེ་ཆིའུ་སྤོ་ལོ་རུ་ཁག་གི་སྙིང་སྟོབས་མངོན་པར་བྱས་པས། བདག་གིས་ཁྱོད་ཚོར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས་པ་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་ཡིན། ཀྲུང་གོ་གསར་བས་ཀུན་གྱིས་ཡིད་སྨོན་བྱེད་པའི་རླབས་ཆེན་གྲུབ་འབྲས་བླངས་པ་དེ་ནི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་གཅིག་གྱུར་དང་དཀའ་སྤྱད་འབད་བརྩོན་བྱས་པའི་འབྲས་བུ་ཡིན། ཁྱོད་ཚོས་མུ་མཐུད་དུ་བློ་སྤོབས་ཆེར་བསྐྱེད་དང་དཀའ་སྤྱད་སྡུག་རུས་སྒོས་འགྲན་སྡུར་སྣ་ཚོགས་ཁྲོད་དུ་ཡང་བསྐྱར་གྲུབ་འབྲས་ཆེན་པོ་ལེན་དགོས་ཟེར།

ཉིས་སྟོང་བཅུ་དགུ་ལོའི་བུད་མེད་ཕའེ་ཆིའུ་སྤོ་ལོ་འཛམ་གླིང་བུམ་པ་རྟགས་མའི་འགྲན་སྡུར་དེ་ཟླ་དགུ་བའི་ཚེས་བཅུ་བཞི་ཉིན་ནས་ཚེས་ཉེར་དགུ་ཉིན་བར་འཇར་པན་ནས་སྤེལ་བ་དང་། ཀྲུང་གོའི་བུད་མེད་ཕའེ་ཆིའུ་སྤོ་ལོ་རུ་ཁག་གིས་རུ་ཁག་བཅུ་གཅིག་གི་འགྲན་སྡུར་ཁྲོད་དུ་ཨང་དང་པོ་བླངས། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།