ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲོད་པའི་མཛད་སྒོ་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2019-09-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲོད་པའི་མཛད་སྒོ་ཟླ9པའི་ཚེས29ཉིན་གྱི་སྔ་དྲོའི་ཆུ་ཚོད10པའི་སྟེང་། མི་དམངས་ཚོགས་ཁང་ཆེན་མོ་རུ་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ལ་“སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བྱས་རྗེས་གཟེངས་རྟགས་”དང“མཛའ་བརྩེའི་བྱས་རྗེས་གཟེངས་རྟགས”དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་བྱ་དགའ་གནང་།

1.jpg

འདི་ནི་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགསཡིན། ཞིན་ཧྭ་གསར་འགྱུར་ཁང་ནས།

སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བྱས་རྗེས་གཟེངས་རྟགས་ནི་དམར་པོ་དང་སེར་པོ་གཉིས་ཀྱི་མདོག་གཙོ་བོར་བྱས་ཡོད་པ་དང་། རྒྱལ་རྟགས་དང་སྐར་མ་ཟུར་ལྔ། རྨ་ཆུ། འབྲི་ཆུ། རི་བོ། མེ་ཏོག་པདྨ་སོགས་ཀྱི་རྒྱུ་ཆ་སྤྱད་ནས་གཟེངས་རྟགས་ཀྱི་གཟུགས་དབྱིབས་གྲུབ་ཡོད་ལ། ཀྲུང་གོའི་མདུད་པ་དང་། བདེ་ལེགས། སྣ་མའི་མེ་ཏོག་སོགས་ཀྱི་རྒྱུ་ཆས་སྦྲེལ་ཐག་གྲུབ་ཡོད། སྤྱིའི་ཆ་ནས་འཁྱག་གནོན་གཟུགས་སུ་གྲུབ་ལ། མེ་ཏོག་གི་ཕྲ་རྒྱན་དང་། གུ་གུ་ཤ་སོགས་ཀྱི་བཟོ་རྩལ་སྤྱད་ཡོད། དེས་བྱས་རྗེས་གཟེངས་རྟགས་ཐོབ་མཁན་གྱིས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་བྱས་རྗེས་ཆེན་པོ་ཕུལ་བ་མཚོན་པ་མ་ཟད། རྒྱལ་ཁབ་ཀྱི་ཆེས་མཐོ་བའི་གཟི་བརྗིད་མཚན་སྙན་ལ་བསྔགས་བརྗོད་དང་། མེས་རྒྱལ་དར་ཞིང་རྒྱས་པར་སྨོན་འདུན་ཞུ་བ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་རྡོག་རྩ་གཅིག་སྒྲིལ་ངང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད་པ་བཅས་མཚོན་ཡོད།

2.jpg

འདི་ནི་མཛའ་བརྩེའི་གཟེངས་རྟགས་ཡིན། ཞིན་ཧྭ་གསར་འགྱུར་ཁང་ནས།

 “མཛའ་བརྩེའི་གཟེངས་རྟགས”ནི་སེར་པོ་དང་སྔོན་པོ་གཉིས་ཀྱི་མདོག་གཙོ་བོར་བྱས་ཡོད་པ་དང་། ཞི་བདེ་ཕུག་རོན་དང་། སའི་གོ་ལ། ཕྱག་འཇུ། མེ་ཏོག་པདྨ་སོགས་ཀྱི་རྒྱུ་ཆ་སྤྱད་ནས་གཟེངས་རྟགས་ཀྱི་གཟུགས་དབྱིབས་གྲུབ་ཡོད་ལ། ཀྲུང་གོའི་མདུད་པ་དང་། ཤིང་པདྨ། གཡུ། སྣ་མའི་མེ་ཏོག་སོགས་ཀྱི་རྒྱུ་ཆས་སྦྲེལ་ཐག་གྲུབ་ཡོད། སྤྱིའི་ཆ་ནས་མེ་ཏོག་དང་གུ་གུ་ཤ་སོགས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་སྤྱད་ཡོད། དེས་ཀྲུང་གོ་མི་དམངས་དང་རྒྱལ་ཁབ་ཁག་གི་མི་དམངས་བར་གྱི་མཐུན་སྒྲིལ་དང་མཛའ་བརྩེ་རྟག་བརྟན་དང་འཛམ་གླིང་གི་རྒྱལ་ཁབ་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྨོན་འདུན་ཞུ་པ་མཚོན་ཡོད།

1.jpg

འདི་ནི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གཟེངས་རྟགས་ཡིན། ཞིན་ཧྭ་གསར་འགྱུར་ཁང་ནས།

རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གཟེངས་རྟགས་ནི་དམར་པོ་དང་སེར་པོའི་མདོག་གཙོ་བོར་བྱས་ཡོད་པ་དང་། སྐར་མ་ཟུར་ལྔ་དང་། གནམ་བདེ་སྒོ་མོ་ཆེ། མེ་ཏོག་པདྨ། དར་ཆ། འོད་སྣང་སོགས་ཀྱིས་རྒྱུ་ཆ་སྤྱད་ནས་གཟེངས་རྟགས་ཀྱི་གཟུགས་དབྱིབས་གྲུབ་ཡོད་ལ།ཀྲུང་གོའི་མདུད་པ་དང་མེ་ཏོག་སོགས་ཀྱི་རྒྱུ་ཆས་སྦྲེལ་ཐག་གྲུབ་ཡོད། སྤྱིའི་ཆ་ནས་འཁྱག་གནོན་གཟུགས་སུ་གྲུབ་པ་དང་། མེ་ཏོག་གི་ཕྲ་རྒྱན་དང་། གུ་གུ་ཤ་སོགས་ཀྱི་བཟོ་རྩལ་སྤྱད་ཡོད། དེས་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་གྱིས་ཁྱབ་ཁོངས་ཁག་དང་ལས་རིགས་ཁག་ལ་ལེགས་སྐྱེས་གལ་ཆེན་ཕུལ་བ་དང་། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་མངོན་པ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཐོག་མའི་ཕུགས་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་པ་ལྷོད་མེད་བྱེད་པར་སྐུལ་ལྕག་བྱས་པ་མཚོན་ཡོད།


རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།