ཀྲུང་གོ་བོད་ཀྱི་དྲ་བ།

པེ་ཅིང་ཏ་ཞིན་རྒྱལ་སྤྱིའི་གནམ་གྲུ་ཐང་དངོས་སུ་ཤར་གཏོང་བྱུང་བ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

F201909261437545656702484.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས25ཉིན། ཀྲུང་གོའི་ལྷོ་ཕྱོགས་མཁའ་འགྲུལ་ཀུང་སིའི་གནམ་གྲུCZ3001པེ་ཅིང་ཏ་ཞིན་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་འཕུར་བཞིན་པ། ཉིན་དེར། པེ་ཅིང་ཏ་ཞིན་རྒྱལ་སྤྱིའི་གནམ་གྲུ་ཐང་དངོས་སུ་ཤར་གཏོང་བྱུང་ཞིང་། པེ་ཅིང་ཏ་ཞིན་གནམ་གྲུ་ཐང་ནི་པེ་ཅིང་གྲོང་ཁྱེར་ཏ་ཞིན་ཁུལ་དང་ཧོ་པེ་ཞིང་ཆེན་ལང་ཧྥང་གྲོང་ཁྱེར་ཀོང་དབྱང་ཁུལ་གྱི་བར་དུ་ཆགས་ཡོད་པ་དང་། གནམ་བདེ་སྒོ་མོ་ཆེ་ནས་ཐད་ཀར་བསྐྱོད་པའི་ལམ་ཐག་སྤྱི་ལེ46ཡོད། དེ་ནི་མིག་སྔར་གོ་ལ་ཡོངས་སུ་འཛུགས་སྐྲུན་གཞི་རྒྱ་ཆེས་ཆེ་བའི་གནམ་གྲུ་ཐང་གསར་པ་དེ་རེད། 

2.jpg

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།