ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་སོགས་ཀྱིས་སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་ཆས་ཀྱི་འཆར་འགོད་འཛུགས་སྐྲུན་དང་ཉམས་གསོ་དོ་དམ་སྲུང་སྐྱོབ་སྤྱིའི་བྱ་བའི་ཇུས་གཞི་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་ཆས་སྲུང་སྐྱོབ་བྱ་བར་མཛུབ་སྟོན་གལ་ཆེན་གནང་སྟེ། སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་གྱི་འཆར་འགོད་དང་འཛུགས་སྐྲུན། ཉམས་གསོ། དོ་དམ་སྲུང་སྐྱོབ་བྱ་བར་ཤུགས་སྣོན་དགོས་ཞེས་ནན་གྱིས་བསྟན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱས་ཏེ། སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་ཆས་སྲུང་སྐྱོབ་དོ་དམ་བྱ་བ་སྔར་ལས་ལེགས་པོར་སྒྲུབ་ཆེད། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་བཅས་ཀྱིས་ཉེ་ལམ་སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་ཆས་ཀྱི་འཆར་འགོད་འཛུགས་སྐྲུན་དང་ཉམས་གསོ་དོ་དམ་སྲུང་སྐྱོབ་སྤྱིའི་བྱ་བའི་ཇུས་གཞི་འགྲེམ་སྤེལ་བྱས།

བྱ་བའི་ཇུས་གཞི་ནི་སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་ཆས་སྲུང་སྐྱོབ་དང་དོ་དམ་བྱ་བའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་ལ། དེའི་ནང་དུ་སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་ཆས་སྲུང་སྐྱོབ་དོ་དམ་བྱ་བའི་དམིགས་འབེན་དང་ལས་འགན་གཏན་འཁེལ་བྱས་ཡོད་པར་མ་ཟད། སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་ཆས་ལ་འཆར་འགོད་དང་འཛུགས་སྐྲུན་བཟང་བོ་བྱས་ཏེ། སྔོན་གཤེགས་དཔའ་བོའི་སྙིང་སྟོབས་དར་སྤེལ་བྱེད་པའི་དམར་དམག་སློབ་གསོའི་རྟེན་གཞིའི་མ་ལག་འཐུས་ཚང་དུ་གཏོང་དགོས་པ་དང་། སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་ཆས་ཉམས་གསོ་དང་སྲུང་སྐྱོབ་བཟང་བོ་བྱས་ཏེ། སྔོན་གཤེགས་དཔའ་བོའི་མཛད་བརྗེ་ལ་བརྩི་འཇོག་བྱེད་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་བཟང་བོ་གསར་སྐྲུན་བྱེད་པ། སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་ཆས་ལ་དོ་དམ་དང་སྲུང་སྐྱོབ་བཟང་བོ་བྱས་ཏེ། ཚད་ལྡན་དང་ཆ་ཚང་བའི་རྩ་འཛུགས་འགན་སྲུང་དོ་དམ་སྒྲིག་སྲོལ་ཆགས་པར་བྱེད་དགོས་ཞེས་བསྟན་ཡོད།

བྱ་བའི་ཇུས་གཞིའི་ནང་བསྟན་དོན། སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་ཆས་ཉམས་གསོ་དང་སྲུང་སྐྱོབ་བྱེད་སྐབས། གཅིག་གྱུར་སྒོས་འཆར་འགོད་དང་བཀོད་སྒྲིག་བྱེད་པ་དང་རྒྱང་རིང་ལ་དམིགས་པའི་རྩ་དོན་ལྟར། སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་ཆས་ཉམས་གསོ་དང་སྲུང་སྐྱོབ་བྱེད་པར་ཤུགས་བསྣན་ཏེ། འགོ་ཁྲིད་ཀྱི་སྒྲིག་སྲོལ་རྐྱེན་སྲོལ་ཆ་ཚང་དུ་གཏོང་བ་དང་སྲིད་ཇུས་དང་ཁྲིམས་སྲོལ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། རྩ་འཛུགས་དང་ལག་བསྟར་ནན་མོ་བྱས་ཏེ་སྒྱུར་བཀོད་བཟོ་སྐྲུན་གྱི་སྤུས་ཚད་མཐོར་འདེགས་སུ་གཏོང་བ་དང་། སྒྲིག་ཆས་འཐུས་ཚང་དང་ཞབས་ཕྱིའི་ནུས་པ་ཇེ་ཆེར་གཏོང་དགོས། འགྲེམ་སྟོན་ནང་དོན་ལེགས་སྒྱུར་བྱེད་པ་དང་འགྲེམ་སྟོན་རྣམ་པ་གསར་སྐྲུན་བྱས་ཏེ་སྤྱིའི་ཕན་ནུས་ཇེ་ཆེར་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།