ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་གྱིས་སའོ་ལོ་མིན་གླིང་ཚོམས་ཀྱི་ཕྱི་འབྲེལ་པུའུ་ཀྲང་མཱ་ནེ་ལེ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ9བའི་ཚེས23ཉིན།   རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཀྲུང་ནན་ཧེ་ནས་སའོ་ལོ་མིན་གླིང་ཚོམས་ཀྱི་ཕྱི་འབྲེལ་པུའུ་ཀྲང་མཱ་ནེ་ལེ་ལ་མཇལ་འཕྲད་གནང་།

ཝང་ཆི་ཧྲན་གྱིས་བསྟན་དོན།   ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་ལ་ཉེ་བའི་སྐབས་འདིར།  ཀྲུང་གོ་དང་སའོ་ལོ་མིན་རྒྱལ་ཁབ་ཀྱིས་དངོས་སུ་འབྲེལ་བ་བཙུགས་པར་དོན་སྙིང་གལ་ཆེན་ལྡན།   སའོ་ལོ་མིན་གླིང་ཚོགས་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ་ནི་འཛམ་གླིང་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་མཐུན་པའི་ཐག་གཅོད་ཡང་དག་ཅིག་ཡིན་པ་དང་།   འཐབ་ཇུས་ཀྱི་མིག་རྒྱ་དང་ཆབ་སྲིད་ཀྱི་བློ་སྤོབས་མཚོན་པར་བྱས་ཡོད།   ཉེ་བའི་ལོ་འགའི་རིང་ལ།  ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ལྷོ་མའི་རྒྱལ་ཁབ་བར་གྱི་འབྲེལ་བ་ཡུན་རིང་འཕེལ་རྒྱས་བྱུང་ནས་མདུན་ལྗོངས་རྒྱ་ཆེན་པོ་མངོན།   སའོ་ལོ་མིན་གླིང་ཚོམས་ནི་ཞི་བདེ་རྒྱ་མཚོ་ཆེན་མོ་ལྷོ་མའི་རྒྱ་མཚོའི་གླིང་ཕྲན་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པ་དང་།  ཀྲུང་གོ་དང་སའོ་ལོ་མིན་གྱི་འབྲེལ་བའི་འགན་སྲུང་འོག   ཕྱོགས་གཉིས་ཀྱི་ཆབ་སྲིད་དང་སྤྱི་ཚོགས།  རིག་གནས།   སྐྱེ་ཁམས་དཔལ་ཡོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཁྱོན་ཡོངས་ནས་སྤེལ་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་ངོ་མ་ཐོབ་ཐུབ་ཟེར།

མཱ་ནེ་ལེ་ཡིས་ཙུང་ལི་སའོ་ཅཱ་ཝ་ལེ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་ལིས་ཁི་ཆང་གཉིས་ལ་ཕུལ་བའི་མཚམས་འདྲི་བརྒྱུད་བསྒྲགས་བྱས་པ་དང་།   ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་འཁོར་བར་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་ཞུས།  ཁོས་བསྟན་དོན།   སའོ་ལོ་མིན་དང་ཀྲུང་གོ་གཉིས་ཀྱིས་འབྲེལ་བ་བཙུགས་པ་དེས་རྒྱལ་ཁབ་ཀྱི་འབྲེལ་བའི་ཁྱོན་ཡོངས་འཕེལ་རྒྱས་ལ་བགྲོད་ལམ་གསར་པ་བཏོད་པ་དང་།    སའོ་ལོ་མིན་ཕྱོགས་ཀྱི་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ་སའོ་ལོ་མིན་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བའི་རྣམ་པ་གསར་པ་གསར་སྐྲུན་བྱེད་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།