ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་མི་དམངས་ཀྱི་བདེ་སྐྱིད་བསམ་པ་སྟེ་ཀྲུང་གོ་གསར་བའི་འགྲོ་མིའི་ཐོབ་ཐང་ལས་དོན་འཕེལ་རྒྱས་ཀྱི་ལོ་ངོ་བདུན་ཅུ་ཞེས་པའི་རྒྱབ་ཤ་དཀར་བོའི་དཔེ་ཆ་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་མི་དམངས་ཀྱི་བདེ་སྐྱིད་བསམ་པ་སྟེ་ཀྲུང་གོ་གསར་བའི་འགྲོ་མིའི་ཐོབ་ཐང་ལས་དོན་འཕེལ་རྒྱས་ཀྱི་ལོ་ངོ་བདུན་ཅུ་ཞེས་པའི་རྒྱབ་ཤ་དཀར་བོའི་དཔེ་ཆ་འགྲེམ་སྤེལ་བྱས་ནས། ལོ་ངོ་བདུན་ཅུའི་ཀྲུང་གོའི་འགྲོ་མིའི་ཐོབ་ཐང་ལས་དོན་འཕེལ་རྒྱས་སུ་སོང་བའི་གནས་ཚུལ་ཁྱོན་ཡོངས་དང་གོ་རིམ་ལྡན་པའི་སྒོ་ནས་མཚམས་སྦྱོར་བྱས།

རྒྱབ་ཤ་དཀར་བོའི་དཔེ་ཆའི་ནང་བསྟན་དོན། མི་དམངས་ཀྱི་བདེ་སྐྱིད་འཚོ་བ་ནི་ཆེས་ཆེ་བའི་འགྲོ་མིའི་ཐོབ་ཐང་ཡིན། ཀྲུང་གོ་གསར་བ་དབུ་བརྙེས་པའི་ཚུན་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་ཁྲིད་འོག  ཀྲུང་གོས་མི་དམངས་དཀྱིལ་སྙིང་ཡིན་པའི་འགྲོ་མིའི་ཐོབ་ཐང་འདུ་ཤེས་ལག་བསྟར་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་འཚོ་གནས་དབང་ཆ་དང་འཕེལ་རྒྱས་དབང་ཆ་དེ་གཞི་རྩའི་འགྲོ་མིའི་ཐོབ་ཐང་གི་ནང་དོན་གཙོ་བོར་བཞག་ཅིང་མི་དམངས་ཡོངས་ཀྱི་ཁེ་དབང་སྣ་ཚོགས་སྲུང་སྐྱོབ་བྱས་པ་དང་། ཧུར་ཐག་སྒོས་མིའི་ཁྱོན་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་བཏང་། ལོ་རྒྱུས་དང་དངོས་ཡོད་ལས་ཀྲུང་གོ་བདེ་བླག་ངང་རྒྱལ་ཁབ་རང་གི་འགྲོ་མིའི་ཐོབ་ཐང་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པ་དང་། མིའི་རིགས་ཀྱི་དཔལ་ཡོན་སྣ་མང་ཅན་ཕུན་སུམ་ཚོགས་པར་བཏང་བ་བདེན་དཔང་བྱས་ཟེར།

རྒྱབ་ཤ་དཀར་བོའི་ནང་བསྟན་དོན། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་རྒྱལ་ཁབ་ཀྱིས་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱས་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱས་པ་དང་བསྟུན་ནས། ཀྲུང་གོ་མི་དམངས་ཀྱིས་སྔར་ལས་རྒྱ་ཆེ་ཞིང་སྔར་ལས་ལེགས་པའི་ཁེ་དབང་ལོངས་སུ་སྤྱོད་དགོས་པ་དང་། ཀྲུང་གོ་མི་དམངས་ཀྱིས་སྔར་ལས་མཐོ་བའི་ཆུ་ཚད་སྟེང་དུ་ཁྱོན་ཡོངས་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།