ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་བཅུ་དྲུག་པ་དང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་དང་དངུལ་གཏོང་མཐོ་རིམ་གྲོས་ཚོགས་སུ་ཞུགས་པའི་འགོ་ཁྲིད་པར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་ཉི་ཤུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཀོང་ཞི་ནན་ཉིན་ནས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་བཅུ་དྲུག་པ་དང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་དང་དངུལ་གཏོང་མཐོ་རིམ་གྲོས་ཚོགས་སུ་ཞུགས་པའི་ལའོ་ཝུའོ་རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པ་སུང་སེ་དང་ཐེ་གོའི་ཙུང་ལི་གཞོན་པ་ཞོར་དུ་ཚོང་དོན་པུའུ་ཀྲང་གི་འགན་འཁུར་མཁན་ཀྲུའུ་ལིན། ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་གི་ཆེད་མངག་ཕོ་ཉ། རྒྱ་མཚོ་གཅིག་གྱུར་འཆར་འགོད་པུའུ་ཡི་པུའུ་ཀྲང་ལུའུ་ཧུའུ་ཐི་བཅས་ལ་མཇལ་འཕྲད་གནང་།

སུང་སེ་ལ་མཇལ་འཕྲད་གནང་སྐབས། ཧན་ཀྲིན་གྱིས་གསུངས་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པས་ཀྲུང་གོ་དང་ལའོ་ཝུའོ་བར་གྱི་ལས་སྐལ་ཕུང་བོ་གཅིག་དྲིལ་ཅན་གསར་སྐྲུན་བྱེད་པའི་འགུལ་སྐྱོད་འཆར་གཞིར་མཉམ་དུ་མིང་བཀོད་པ་དེས་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་ཁྲིད་སྟོན་དང་བསྲུང་བྱ་འདོན་སྤྲོད་བྱས་པ་དང་ཀྲུང་གོ་དང་ལའོ་ཝུའོ་འབྲེལ་བའི་དུས་རབས་གསར་བ་གསར་སྐྲུན་བྱས། ཕྱོགས་གཉིས་ཀྱིས་དངོས་འབེབས་བྱ་བ་དམ་འཛིན་བྱས་ཏེ། ཁྱབ་ཁོངས་སོ་སོའི་འགྲོ་འོང་དང་མཉམ་ལས་རྒྱུན་མཐུད་སྒོས་སྤེལ་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་དམངས་དོན་རྨང་གཞི་སྲ་བརྟན་དུ་གཏོང་དགོས་པར་མ་ཟད། སྟོབས་ཤུགས་ཡོད་རྒུ་བཏོན་ནས་འཐབ་ཇུས་དོན་སྙིང་ལྡན་པའི་ཀྲུང་གོ་དང་ལའོ་ཝུའོ་བར་གྱི་ལས་སྐལ་ཕུང་བོ་གཅིག་དྲིལ་ཅན་གསར་སྐྲུན་བྱེད་དགོས་ཟེར།

སུང་སེ་ཡིས་བཤད་རྒྱུར། ལའོ་ཝུའོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱིམ་མཚེས་བཟང་བོ་དང་གྲོགས་པོ་བཟང་བོ། བློ་མཐུན་བཟང་བོ་བཅས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། འགུལ་སྐྱོད་འཆར་གཞི་ནན་ཏན་སྒོས་དངོས་འབེབས་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པར་ཤུགས་བསྣན་ནས། ནམ་ཡང་འགྱུར་བ་མེད་པའི་ལའོ་ཝུའོ་དང་ཀྲུང་གོའི་ལས་སྐལ་ཕུང་བོ་གཅིག་དྲིལ་ཅན་གསར་སྐྲུན་བྱེད་འདོད་ཡོད་ཟེར།

ཀྲུའུ་ལིས་ལ་མཇལ་འཕྲད་གནང་སྐབས། ཧན་ཀྲིན་གྱིས་གསུངས་རྒྱུར། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་འོག ཕྱོགས་གཉིས་ཀྱི་འབྲེལ་བ་དུས་སྐབས་གསར་བ་ཞུགས་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཉམ་ལས་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ། ཕྱོགས་གཉིས་ཀྱིས་སང་ལོར་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ཞེ་ལྔ་ལོན་པ་གོ་སྐབས་སུ་བཟུང་སྟེ། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་གོ་དང་ཐེ་གོའི་མང་ཚོགས་ལ་བདེ་སྐྱིད་སྐྲུན་དགོས་ཟེར།

ཀྲུའུ་ལིན་གྱིས་བཤད་རྒྱུར། ཐེ་གོ་ཕྱོགས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱིས་འཛམ་གླིང་ལ་བྱས་རྗེས་བཞག་པ་དང་ས་གནས་ཀྱི་འཕེལ་རྒྱས་ལ་སྣེ་ཁྲིད་ཀྱི་ནུས་པ་བཏོན་པར་གདེང་འཇོག་ཆེན་པོ་བྱེད་ཀྱིན་ཡོད། ཐེ་གོ་ནི་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་ཡིན་པའི་ཆ་ནས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་འབྲེལ་བ་དང་ཨེ་ཤ་ཡ་ཤར་ལྷོ་བར་གྱི་མཉམ་ལས་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་ངེས་ཡིན་ཟེར།

ལུའུ་ཧུའུ་ཐི་ལ་མཇལ་འཕྲད་གནང་སྐབས། ཧན་ཀྲིན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་ནི་ཨེ་ཤ་ཡའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཡིན་པ་དང་མཉམ་ལས་ཀྱི་སྦས་ཤུགས་ཆེན་པོ་ཡོད། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་གཏིང་ཟབ་ཏུ་སྤེལ་བ་དང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་ཐད་ལ་ཐུན་མོང་གི་ལྟ་ཚུལ་གལ་ཆེན་བཏོན་ཏེ། ཕྱོགས་གཉིས་ཀྱི་མཉམ་ལས་རྒྱ་བསྐྱེད་པར་འཆར་འགོད་བཟང་བོ་བཀོད། ཕྱོགས་གཉིས་ཀྱིས་སང་ལོར་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལོན་པ་གོ་སྐབས་སུ་བཟུང་སྟེ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

ལུའུ་ཧུའུ་ཐི་ཡིས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་འགོ་ཁྲིད་དང་ཐུགས་ཁུར་གནང་འོག ཕྱོགས་གཉིས་ཀྱི་དངོས་གཉེར་མཉམ་ལས་ཐད་ནས་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་ངོ་མ་བསྐྲུན། ཧིན་རྡུ་ཉི་ཞི་ཡ་ཧུར་ཐག་སྒོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ཁྲོད་དུ་ཞུགས་པར་མ་ཟད་ཀྲུང་གོ་ཕྱོགས་དང་མཉམ་དུ་འཐབ་ཇུས་འབྲེལ་མཐུད་གཏིང་ཟབ་ཏུ་སྤེལ་བར་མ་ཟད། ཕྱོགས་གཉིས་ཀར་མ་དངུལ་གཏོང་བ་རྒྱ་བསྐྱེད་ནས་གསར་དར་ཁྱབ་ཁོངས་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།