ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་དབྱང་སྲིད་གྲོས་བྱ་བའི་གྲོས་ཚོགས་དང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་ལ་སྤྱི་ཚོགས་ཁྲོད་དུ་དོ་སྣང་ཆེན་པོ་ཐོབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྲིད་གྲོས་བྱ་བའི་གྲོས་ཚོགས་དང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གསུང་བཤད་གལ་ཆེན་གནང་བ་ལས་ཏང་དང་རྒྱལ་ཁབ་ལས་དོན་འཕེལ་རྒྱས་ཀྱི་ཁྱོན་ཡོངས་མཐོ་ཚད་ནས་ལངས་ཏེ། དུས་རབས་གསར་བའི་མི་དམངས་སྲིད་གྲོས་ལས་དོན་འཕེལ་རྒྱས་ཐད་ལ་ཁ་ཕྱོགས་གསལ་བོར་བསྟན་པ་དང་རྩ་བའི་བསྲུང་བྱ་འདོན་སྤྲོད་བྱས་པས། སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་ཁྲོད་དུ་དོ་སྣང་ཆེན་པོ་ཐོབ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ལ་སློབ་སྦྱོང་བྱེད་སྐབས། ཚང་མས་བཤད་རྒྱུར། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་མི་དམངས་སྲིད་གྲོས་ལས་དོན་གོང་འཕེལ་དུ་འགྲོ་བའི་རྩ་བའི་ཁག་ཐེག་ཡིན། སྤྱི་ཚོགས་རིང་ལུགས་གྲོས་མོལ་དམངས་གཙོ་འཕེལ་རྒྱས་སུ་གཏོང་སྐབས། དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་ཁྱད་སྟོབས་བཀོལ་སྤྱོད་གང་ལེགས་བྱས་ནས། རང་རང་གི་བསམ་ཚུལ་ལྷུག་པོར་བརྗོད་པ་དང་ཁྲིམས་མཐུན་ལུགས་ལྡན་གྱི་གྲོས་མོལ་སྣང་ཚུལ་བཟང་བོ་ཆགས་པར་བྱེད་ངེས་ཡིན་ཟེར།

ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་ཞུགས་པས། མི་དམངས་སྲིད་གྲོས་ཀྱི་གར་སྟེགས་སྔར་ལས་ཡངས་བ་དང་འགན་འཁྲི་སྔར་ལས་ལྕི། ཚང་མས་བཤད་རྒྱུར། རྒྱལ་ཁབ་ཀྱི་དོན་དུ་འགན་འཁྲི་ལག་བསྟར་བྱེད་པ་དང་དམངས་ཀྱི་དོན་དུ་ལས་འགན་དང་ལེན་བྱེད་པའི་བརྩེ་སེམས་མཚོན་པར་བྱས་ཏེ། ལས་དོན་ནམ་ཡང་ཡིད་ལ་འཛིན་པ་དང་འགན་འཁྲི་ནམ་ཡང་ཕྲག་ཏུ་འཁུར་ནས། དཔེ་སྟོན་གྱི་འགུལ་སྐྱོད་ལ་བརྟེན་ནས་དུས་རབས་གསར་བའི་སྲིད་གྲོས་ཨུ་ཡོན་གྱི་རྣམ་པ་མངོན་པར་བྱེད་པ་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།