ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

  ཟླ་དགུ་བའི་ཚེས་ཉེར་གཅིག་ཉིན། ཀྲུང་དབྱང་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱིས་པེ་ཅིན་ནས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གྲོས་ཚོགས་ལ་ཞུགས་པར་མ་ཟད་སྤྱི་སྡོམ་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱིས་ཚེས་ཉེར་གཅིག་ཉིན་པེ་ཅིན་ནས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གྲོས་ཚོགས་ལ་ཞུགས་པར་མ་ཟད་སྤྱི་སྡོམ་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཐེངས་འདིའི་ཀྲུང་དབྱང་སྲིད་གྲོས་བྱ་བའི་གྲོས་ཚོགས་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་མི་དམངས་སྲིད་གྲོས་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་ལ་ཉེ་བའི་སྐབས་སུ། ཏང་ཀྲུང་དབྱང་གིས་བསྡུས་པའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། དེས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་དམངས་སྲིད་གྲོས་ལས་དོན་ལ་ཧ་ཅང་མཐོང་ཆེན་བྱེད་པ་དང་དུས་རབས་གསར་བར་མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པའི་ཐད་ཀྱི་རེ་བ་མཚོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་དབྱང་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་དང་བཀོད་སྒྲིག་གལ་ཆེན། ལག་ལེན་རེ་བར་རྒྱུས་ལོན་གཏིང་ཟབ་བྱེད་པ། མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱེད་པའི་སྟེང་ཤུགས་འདོན་པ། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་ཐུན་མོང་ལྟ་བ་གཅིག་ཏུ་བསྡུ་བའི་སྟེང་ཤུགས་འདོན་པ། མི་དམངས་སྲིད་གྲོས་ཀྱི་བྱ་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བའི་སྟེང་ཤུགས་འདོན་པ། སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བའི་སྟེང་ཤུགས་འདོན་པ། ཏང་གིས་མི་དམངས་སྲིད་གྲོས་བྱ་བར་ཁྱོན་ཡོངས་ནས་འགོ་ཁྲིད་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་ལག་བསྟར་བྱེད་པའི་སྟེང་ཤུགས་བཏོན་ནས། ཧུར་ཐག་གིས་དུར་རབས་གསར་བའི་མི་དམངས་སྲིད་གྲོས་ལས་དོན་གྱི་རྣམ་པ་གསར་བ་བསྐྲུན་དགོས་ཟེར།

ཝང་དབྱང་གིས་ནན་གྱིས་བསྟན་དོན། སྤྱོད་ཚུལ་བཟང་བོས་ཀྲུང་དབྱང་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་དགོས། གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་རྒྱུས་ལོན་གསལ་བོ་བྱེད་རྒྱུ་དེ་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩི་བ་དང་། དགོངས་དོན་གྱི་ངོ་བོར་རྒྱུས་ལོན་གཏིང་ཟབ་བྱེད་པ། ནང་དོན་གཙོ་བོ་ཁོང་དུ་ཆུད་པར་བྱས་ཏེ། ཀླད་པར་དྲག་ཆས་སྤྲས་པ་དང་བྱ་བར་སྐུལ་འདེད་གཏོང་དགོས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོའི་ཏང་ཨུས་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་ཆེད་དུ་བཀོད་སྒྲིག་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་གྲོས་ཚོགས་ཀྱི་དགོངས་དོན་རང་ས་ཁུལ་དང་རང་སྡེ་ཁག་ནས་ལག་ལེན་མཐར་ཕྱིན་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།