ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་ཁྱིམ་ཚང་ཞིང་རའི་འཕེལ་རྒྱས་ཁྲོད་ཀྱི་མི་དང་ས། དངུལ་ལོར་བཅས་ཀྱི་གནད་དོན་གང་མགྱོགས་ངང་ཐག་གཅོད་རྒྱུ་ཡིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོ།   སྤེལ་དུས། : 2019-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀྲུང་དབྱང་ཞིང་ལས་གཞུང་ལས་ཁང་དང་། ཞིང་ལས་ཞིང་གྲོང་པུའུ་སོགས་སྡེ་ཁག་11གིས་མཉམ་འབྲེལ་སྒོས་ཁྱིམ་ཚང་གི་ཞིང་ར་གསོ་སྐྱོང་འཆར་གཞིའི་ལག་བསྟར་སྐོར་གྱི་མཛུབ་སྟོན་བསམ་འཆར་འགྲེམས་སྤེལ་བྱས་ནས། ས་ཞིང་དང་ནོར་ཁྲལ། དངུལ་རྩའི་འགན་སྲུང་། གསོ་སྦྱོང་སོགས་རྒྱབ་སྐྱོར་སྲིད་ཇུས་ཐད་ལ་ཕྱོགས་མང་པོའི་བསམ་འཆར་བཏོན་ནས་། ཁྱིམ་ཚང་གི་ཞིང་རའི་འཕེལ་རྒྱས་ཁྲོད་ཀྱི་མི་དང་ས། དངུལ་ལོར་བཅས་ཀྱི་གནད་དོན་གང་མགྱོགས་ངང་ཐག་གཅོད་བྱ་རྒྱུ་རེད།

ཞིང་ལས་ཞིང་གྲོང་པུའུ་སྲིད་ཇུས་དང་བཅོས་སྒྱུར་སི་ཡི་སི་ཀྲང་ཀྲའོ་དབྱང་གིས་ཚེས་18ཉིན་ཚོགས་པའི་ཡོངས་བསྒྲགས་ཚོགས་འདུའི་སྟེང་བསྟན་དོན།  ཉེ་བའི་ལོ་འགའི་རིང་ལ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཧུར་ཐག་སྒོས་ཞིང་ནགས་ཕྱུགས་ཉ་སོགས་ཁྱིམ་ཚང་གསོ་སྤེལ་ཞིང་ར་འཕེལ་རྒྱས་སུ་འགྲོ་བར་སྣེ་ཁྲིད་དེ་ཕན་འབྲས་རགས་ཙམ་ཐོབ་ཡོད། འོན་ཀྱང་ཁྱིམ་ཚང་ཞིང་ར་ད་དུང་སྔར་བཞིན་འཕེལ་རྒྱས་འགྲོ་བའི་དུས་མཚམས་སུ་གནས་པ་དང་། འཕེལ་རྒྱས་སྤུས་ཚད་དམའ་ལ་སྣེ་འདྲེན་གྱི་ནུས་པའང་མེད་པ་དང་། ད་དུང་སྲིད་ཇུས་ཀྱི་མ་ལག་འཐུས་ཚང་མིན་ཞིང་། དོ་དམ་ལམ་ལུགས་ཚད་ལྡན་མིན་ལ་ཞབས་ཞུའི་མ་ལག་ཆ་ཚང་མིན་པ་སོགས་ཀྱི་གནད་དོན་མང་པོ་ཡོད།

ཁོས་མཚམས་སྦྱོར་བྱེད་རྒྱུར། ཉེ་ཆར་འགྲེམས་སྤེལ་བྱས་པའི་བསམ་འཆར་ནང་ཁྲིམས་ལྟར་ཁྱིམ་ཚང་ཞིང་རའི་ཞིང་སའི་བདག་གཉེར་དབང་ཆར་འགན་སྲུང་བྱེད་རྒྱུ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཁྱིམ་ཚང་ཞིང་རར་ཁ་ཕྱོགས་པའི་སྤྱི་ཚོགས་ཅན་གྱི་ཞབས་ཞུ་དང་ཁྱིམ་ཚང་ཞིང་རའི་བདག་གཉེརམཁན་གྱི་གསོ་སྦྱོང་ལམ་ལུགས་ཆ་ཚང་བར་འཛུགས་དགོས་པའི་བླང་བྱ་བཏོན་ཡོད་ལ། དུས་མཚུངས་སུ་ས་ཆ་དང་ནོར་སྲིད་ཁྲལ་བསྡུ། དངུལ་རྩའི་འགན་སྲུང་། “དྲ་སྦྲེལ+” སྤྱི་ཚོགས་འགན་སྲུང་སོགས་ཀྱི་ཐད་དུ་སྲིད་ཇུས་དང་བྱ་ཐབས་བཏོན་ཡོད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།