ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་རྫོང་ཚང་མར་ལོ་གསུམ་ནང་ཉུང་མཐར་ཡང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་བསྙེན་བཀུར་ཞབས་ཞུ་ཁང་རེ་ཡོད་པ་བྱ་རྒྱུ་རེད།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ཆར་དམངས་སྲིད་པུས་ཆ་འཕྲིན་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཉེ་ཆར་སྡེ་ཚན་མང་པོ་དང་མཉམ་འབྲེལ་ཐོག་འབྲེལ་ཡོད་བསམ་འཆར་དང་བརྡ་ཐོ་སོ་སོར་བཀྲམ་ནས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་བསྙེན་བཀུར་ཞབས་ཞུའི་སྒྲིག་ཆས་ལེགས་བཅོས་རིམ་སྤོར་དང་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་བཀོད་སྒྲིག་བྱས་པ་དང་2022ལོའི་ལོ་མཇུག་གོང་རྫོང(གྲོང་ཁྱེར་དང་ཆུས)ཚང་མར་ངལ་ནུས་ཤོར་བ་དང་ངལ་ནུས་ཕྱེད་ཙམ་ཤོར་བའི་དམིགས་བསལ་དཀའ་ངལ་ཡོད་པར་ཆེད་མངགས་ལྟ་རྟོག་བྱ་རྒྱུ་གཙོ་བོར་བྱས་པའི་བསྙེན་བཀུར་ཞབས་ཞུའི་སྒྲིག་གཞི(རྒན་གསོ་ཁང)རེ་འཛུགས་རྒྱུའི་འགན་ལེན་བྱེད་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད།

དམངས་སྲིད་པུའི་གྲངས་གཞི་ལས་མངོན་གསལ། 2018ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་ཁྱོན་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་བསྙེན་བཀུར་སྒྲིག་གཞི(རྒན་གསོ་ཁང)ཁྲི་1.8དང་ཉལ་ཁྲི་ཁྲི་187.8ཡོད་པ་རེད། དམིགས་བསལ་དཀའ་ངལ་ཡོད་པའི་ཐ་སྐྱོང་འགན་ལེན་གྱི་ནུས་པ་ལྡན་པ་དང་ཆབས་ཅིག་སྒྲིག་གཞི་ཁག་གཅིག་ལ་སྒྲིག་ཆས་མི་འདང་བ་དང་། ནང་ངོས་དོ་དམ་རྗེས་ལུས། ཞབས་ཞུའི་སྤུས་ཚད་མཐོ་པོ་མེད་པ་སོགས་ཀྱི་གནད་དོན་གནས་ཡོད་པ་རེད།

དེས་ན་དམངས་སྲིད་པུས་ཉེ་ཆར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་ནོར་སྲིད་པུའུ་དང་མཉམ་དུ་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་བསྙེན་བཀུར་སྒྲིག་གཞི(རྒན་གསོ་ཁང)སྒྱུར་བཀོད་རིམ་སྤོར་འདུ་འགོད་ཀྱི་བསམ་འཆར་བཀྲམ་པ་དང་ནོར་སྲིད་པུའུ་དང་མི་སྤྱི་པུའུ་དང་མཉམ་དུ་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་བསྙེན་བཀུར་ཞབས་ཞུའི་སྒྲིག་གཞི(རྒན་གསོ་ཁང)དོ་དམ་དང་འབྲེལ་བ་ཡོད་པའི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱའི་སྐོར་གྱི་བརྡ་ཐོ་བཀྲམ་ནས་ཞིབ་ཕྲའི་ལས་དོན་བཀོད་སྒྲིག་སོ་སོར་བྱས་པ་རེད།

བསམ་འཆར་ནང་2019ལོ་ནས་བཟུང་། དུས་ཡུན་ལོ་3གྱི་ནང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་བསྙེན་བཀུར་ཞབས་ཞུའི་སྒྲིག་གཞི(རྒན་གསོ་ཁང)སྒྱུར་བཀོད་རིམ་སྤོར་འདུ་འགོད་ལག་བསྟར་བྱས་ནས་2020ལོའི་ལོ་མཇུག་གོང་ད་ཡོད་རྫོང་རིམ་པའི་བསྙེན་བཀུར་ཞབས་ཞུ་སྒྲིག་གཞིའི་ལྟ་སྐྱོང་ནུས་པ་མཐོ་རུ་ཕྱིན་ནས་ཞབས་ཞུ་ཁང་གི་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་ཚབས་ཆེན་བཅོས་སྒྲིག་བྱ་རྒྱུ་ཚང་མ་དམིགས་སར་འཁྱོལ་ཐུབ་རྒྱུ་རེད། 2022ལོའི་ལོ་མཇུག་གོང་རྫོང་ཚང་མར་ཉུང་མཐར་ཡང་ལྟ་རྟོག་གཙོ་བོར་བྱེད་པའི་བསྙེན་བཀུར་ཞབས་ཞུ་ཁང་རེ་ཡོད་པ་བྱས་ཏེ་སྨན་བཅོས་དང་ལུས་གསོ་ཟུང་འབྲེལ་གྱི་ཞབས་ཞུའི་ནུས་པ་མཐོ་རུ་གཏོང་ཐུབ་པ་དང་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་ཚང་མ་སེལ་ཐུབ་སྟེ་རྫོང་དང་ཤང་གི་བསྙེན་བཀུར་ཞབས་ཞུ་ཁང་ཕན་ཚུན་སྦྲེལ་མཐུད་ཐུབ་པ་དང་བཀོད་པ་ཚན་རིག་དང་མཐུན་པ་དང་། བཀོད་སྒྲིག་དོ་སྙོམས། ཞབས་ཞུ་འཐུས་ཚང་བཅས་ཀྱི་གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུའི་ཐ་སྐྱོང་འགན་ལེན་དྲ་བ་སྤྱིར་ན་ཆགས་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།