ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་དམངས་ཡོངས་ཀྱི་བདེ་ཐང་དང་ལུས་རྩལ་འཛད་སྤྱོད་ལ་སྐུལ་འདེད་བཏང་སྟེ་ལུས་རྩལ་ཐོན་ལས་སྤུས་ཚད་མཐོ་བར་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་དམངས་ཡོངས་ཀྱི་བདེ་ཐང་དང་ལུས་རྩལ་འཛད་སྤྱོད་ལ་སྐུལ་འདེད་བཏང་སྟེ་ལུས་རྩལ་ཐོན་ལས་སྤུས་ཚད་མཐོ་བར་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས།

བསམ་འཆར་ལས་ཕྱོགས་བཅུའི་སྲིད་ཇུས་དང་བྱེད་ཐབས་བཏོན། གཅིག དབང་གཏོང་དོ་དམ་དང་ཞབས་ཕྱིའི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས་འཕེལ་རྒྱས་ཀྱི་ནུས་པ་ཇེ་ཆེར་གཏོང་དགོས། གཉིས། ཐོན་ལས་སྲིད་ཇུས་འཐུས་ཚང་དུ་བཏང་ནས་འཕེལ་རྒྱས་ཁོར་ཡུག་ལེགས་སྒྱུར་བྱེད་དགོས། གསུམ། ལུས་རྩལ་འཛད་སྤྱོད་ལ་སྐུལ་འདེད་བཏང་སྟེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཇེ་ཆེར་གཏོང་དགོས། བཞི། ཚོགས་རའི་སྒྲིག་ཆས་འཛུགས་སྐྲུན་བྱས་ཏེ་རྒྱུ་རྐྱེན་འདོན་སྤྲོད་ཇེ་མང་དུ་གཏོང་དགོས། ལྔ། སྟེགས་བུའི་རྒྱབ་སྐྱོར་ལ་ཤུགས་བསྣན་ཏེ་ཚོང་རའི་གཙོ་གཞི་འཕེལ་རྒྱས་སུ་གཏོང་དགོས། དྲུག ཐོན་ལས་སྒྲིག་གཞི་ལེགས་བཅོས་བྱས་ཏེ་ཐོན་རྫས་འདོན་སྤྲོད་ཕུན་སུམ་ཚོགས་པར་གཏོང་དགོས། བདུན། ཐོན་ལས་བཀོད་སྒྲིག་ལེགས་སྒྱུར་བྱས་ཏེ་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། བརྒྱད། ལུས་རྩལ་དང་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་ནས་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དགུ། དཔེ་སྟོན་སྣེ་ཁྲིད་ལ་ཤུགས་བསྣན་ཏེ་འཕེལ་རྒྱས་ཀྱི་འདྲེན་བྱེད་དངོས་བོ་གསར་སྐྲུན་བྱེད་དགོས། བཅུ། ཐོན་ལས་རྨང་གཞི་སྲ་བརྟན་དུ་བཏང་ནས་ཞབས་ཕྱིའི་ཆུ་ཚད་ཇེ་མཐོར་གཏོང་དགོས་པ་བཅས་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།