ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་ཉིན་མོར་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་ཉིན་མོར་མཛུབ་སྟོན་གལ་ཆེན་གནང་སྟེ་བསྟན་དོན།  རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་ཉིན་མོའི་བྱ་འགུལ་སྤེལ་ཏེ། དམངས་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་འདུ་ཤེས་དང་རྩལ་ནུས་མཐོར་འདེགས་སུ་གཏོང་རྒྱུ་ནི་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བྱ་བའི་ནང་དོན་གལ་ཆེན་ཞིག་ཡིན། རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བྱ་བས་དྲ་རྒྱའི་བདེ་འཇགས་ནི་མི་དམངས་ཀྱི་ཆེད་ཡིན་པ་དང་། དྲ་རྒྱའི་བདེ་འཇགས་མི་དམངས་ལ་བརྟེན་པ་རྒྱུན་འཁྱོངས་བྱས་ནས། མི་སྒེར་གྱི་ཆ་འཕྲིན་བདེ་འཇགས་ལ་འགན་སྲུང་དང་སྤྱི་དམངས་ཀྱི་དྲ་རྒྱའི་ཁྲོད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས། དྲ་རྒྱའི་བདེ་འཇགས་སློབ་གསོ་དང་ལག་རྩལ། ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་བཅས་རྒྱུན་འཁྱོངས་བྱས་ཏེ། ཤེས་ལྡན་པ་གསོ་སྐྱོང་དང་ལག་རྩལ་གསར་སྐྲུན། ཐོན་ལས་འཕེལ་རྒྱས་ཀྱི་སྐྱེ་ཁམས་ལེགས་པོ་གྲུབ་པར་བྱེད་དགོས། འཕེལ་རྒྱས་དང་ཁྲིམས་ལྟར་དོ་དམ་བྱེད་པ་གཉིས་གཞི་གཅིག་ཏུ་སྦྲེལ་བར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། མིས་བཟོས་རིག་ནུས་དང་དངོས་སྦྲེལ་དྲ་རྒྱ། རབས་རྗེས་མའི་འཕྲིན་གཏོང་དྲ་རྒྱ་སོགས་ལག་རྩལ་གསར་བ་དང་ཉེར་སྤྱོད་གསར་པ་ཤུགས་ཆེན་པོས་གསོ་སྐྱོང་བྱས་ཏེ། བཅའ་ཁྲིམས་ཁྲིམས་སྲོལ་དང་ཚད་གཞི་ཡང་དག་གིས་ལག་རྩལ་གསར་བ་བཀོས་སྤྱོད་བྱེད་པར་ཧུར་ཐག་གིས་མཛུབ་སྟོན་བྱེད་དགོས། བདེ་འཇགས་ཚོད་འཛིན་དང་སྒོ་འབྱེད་གསར་སྐྲུན་གཉིས་མཉམ་དུ་སྤེལ་བ་རྒྱུན་འཁྱོངས་བྱས་ཏེ། སྒོ་འབྱེད་ཁོར་ཡུག་ལ་རྐང་བཙུགས་ནས་དྲ་རྒྱའི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ་དང་། རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་དྲ་རྒྱའི་ཁྲོད་ཀྱི་ཐོར་ཚོར་དང་བདེ་སྐྱིད། བདེ་འཇགས་བཅས་ཀྱི་ཚོར་སྣང་ཇེ་མཐོར་གཏང་དགོས་ཟེར།

ཉིས་སྟོང་བཅུ་དགུ་ལོའི་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་ཉིན་མོའི་བྱ་འགུལ་གྱི་འགོ་རྩོམ་མཛད་སྒོ་ཚེས་བཅུ་དྲུག་ཉིན་ཐེན་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧོང་ཁུང་མེན་གྱིས་མཛད་སྒོའི་སྟེང་དུ་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སྒྲོག་འདོན་བྱས་པར་མ་ཟད་གཏམ་བཤད།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།