ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་དམར་པོའི་སྲིད་དབང་གང་ནས་བྱུང་བ་བློ་ལ་བརྟན་པོར་ངེས་དགོས་ཞེས་གསུངས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2019-09-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས16ཉིན་གྱི་ཕྱི་དྲོར།  ཧོ་ནན་དུ་རྟོག་ཞིབ་གནང་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཤིན་རྫོང་དུ་གནས་པའི་ཨོ་ཡུས་ཝན་སུའུ་ས་ཁུལ་གྱི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དང་གསར་བརྗེའི་རྟེན་རྫས་བཤམས་སྟོན་ཁང་དུ་ཕེབས་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་པ་དང་འབྲེལ་ས་གནས་དེའི་དམར་དམག་གི་རྗེས་རབས་པ་དང་གསར་བརྗེའི་སྔོན་གཤེགས་དཔའ་བོའི་ནང་མིའི་འཐུས་མི་ལ་བྱམས་བརྩེའི་ངང་འཚམས་འདྲི་བྱས།  ཞི་ཅིན་ཕིང་གིས“ཆུ་འཐུང་སྐབས་ཁྲོན་པ་བརྐོ་མཁན་བརྗེད་མི་རུང་།”ཞེས་ནན་བཤད་གནང་ཞིང་། དམར་པོའི་སྲིད་དབང་འདི་ཐོབ་པ་ལས་སླ་པོ་ཞིག་མིན་པར་སྔོན་གཤེགས་གསར་བརྗེ་པ་ཁྲི་སྟོང་མང་པོའི་ཁྲག་གིས་བརྗེས་ཡོང་བ་ཡིན། ང་ཚོས་དམར་པོའི་སྲིད་དབང་གང་ནས་བྱུང་བ་སེམས་ལ་བརྟན་པོར་ངེས་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་དགོས། ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བའི་ལོ་ཡིན། “ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་བཅིངས་པའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བར་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་གསར་བརྗེའི་སྲོལ་རྒྱུན་སློབ་གསོར་དང་ལེན་བྱེད་པ་དང་། ཕུགས་འདུན་དང་དད་སེམས་ཇེ་བརྟན་དུ་བཏང་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་པ་དང་། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ནུས་ཤུགས་ཡོད་རྒུས་མངོན་འགྱུར་བྱས་ཏེ། གསར་བརྗེའི་སྔོན་གཤེགས་དཔའ་བོར་མྱ་ངན་ཞུ་དགོས་དགོས་ཞེས་གསུངས་པ་རེད། ། 

1.jpg

2.jpg

3.jpg

4.jpg

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།