ཀྲུང་གུང་ཀྲུང་དབྱང་གིས་བཟོ་བཅོས་བྱས་རྗེས་ཀྱི་ཀྲུང་གོ་གུང་ཁྲན་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གཏན་འཁེལ་སྲོལ་ཡིག་དང་ཀྲུང་གོ་གུང་ཁྲན་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ཐོ་འགོད་སྙན་སེང་ཞིབ་བཤེར་གཏན་འཁེལ། གསར་དུ་གཏན་འཁེལ་བྱས་པའི་ཀྲུང་གོ་གུང་ཁྲན་ཏང

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གིས་བཟོ་བཅོས་བྱས་རྗེས་ཀྱི་ཀྲུང་གོ་གུང་ཁྲན་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གཏན་འཁེལ་སྲོལ་ཡིག་དང་ཀྲུང་གོ་གུང་ཁྲན་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ཐོ་འགོད་སྙན་སེང་ཞིབ་བཤེར་གཏན་འཁེལ། གསར་དུ་གཏན་འཁེལ་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལག་བསྟར་འགན་འཁྲིའི་ལམ་ལུགས་ཀྱི་ཚོད་ལྟའི་ལག་བསྟར་གཏན་འཁེལ་བཅས་འགྲེམ་སྤེལ་བྱས་ཏེ། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་སྒྲིག་ཡིག་གཞི་རྩའི་བསྲུང་བྱར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་ཁྲིམས་སྲོལ་ལྟར་ཏང་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས་པར་མ་ཟད་འགན་འཁྲིའི་ཁྱབ་ཁོངས་ནང་དང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་བྱ་བ་དམ་འཛིན་བྱེད་དགོས། སྲོལ་ཡིག་གཞི་རྩའི་བསྲུང་བྱ་བྱས་ཏེ་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གཏན་འཁེལ་བྱ་བ་བཟང་བོར་བསྒྲུབ་པ་དང་། སྤུས་ཚད་མཐོར་འདེགས་སུ་གཏོང་བའི་བྱ་བ་དང་དམ་པོར་སྦྲེལ་དགོས་ལ།  འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་བྱ་བ་བཟང་བོར་བསྒྲུབ་ནས་ལམ་ལུགས་ཀྱི་ཁྱོན་ཡོངས་ཕན་ནུས་ཆགས་པར་བྱེད་དགོས། ཐོ་འགོད་སྙན་སེང་ཞིབ་བཤེར་གཏན་འཁེལ་ནན་ཏན་སྒོས་ལག་བསྟར་བྱས་ཏེ། གྱོད་དོན་ཡོད་ན་ཅིས་ཀྱང་ཐོ་འགོད་བྱེད་པ་དང་ཐོ་འགོད་བྱས་རྗེས་ཅིས་ཀྱང་ཞིབ་བཤེར་བྱེད་པ། ནོར་འཁྲུལ་ཡོད་ན་ཅིས་ཀྱང་ཡོ་བསྲང་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་ཏང་གི་སྲིད་ཇུས་ཀྱི་གཅིག་གྱུར་རང་བཞིན་དང་དབང་ཟིལ་རང་བཞིན་ལ་སྲུང་སྐྱོབ་བྱེད་དགོས། ཁྲིམས་སྲོལ་ལག་བསྟར་འགན་འཁྲིའི་ལམ་ལུགས་ཀྱི་གཏན་འཁེལ་དངོས་འབེབས་བཟང་བོ་བྱས་ཏེ། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་ཁྲིམས་སྲོལ་ལག་བསྟར་ནན་མོ་བྱེད་པའི་འདུ་ཤེས་བརྟན་པོར་ཆགས་པར་བྱེད་པ་དང་། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལག་བསྟར་བྱེད་པའི་ཆབ་སྲིད་འགན་འཁྲི་ཁག་ཁུར་བྱེད་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།