ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སུ་སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་ཁྱོན་ཡོངས་ནས་སྤེལ་འགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་དབྱང་གི་བཀོད་སྒྲིག་ལྟར། ཉིན་འདི་འགར་སྐོར་ཐེངས་གཉིས་པའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་རྒྱལ་ཡོངས་སུ་ཁྱོན་ཡོངས་ནས་སྤེལ་འགོ་བརྩམས་པ་དང་། ས་གནས་སོ་སོས་ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པ་དྲག་པོ་བཅངས་ཏེ་ཚད་གཞི་མཐོ་ཞིང་སྤུས་ཚད་ལེགས་པོའི་སྒོ་ནས་སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་བཞིན་ཡོད།

བསྟུད་མར་ཉིན་འགའི་རིང་ལ། ས་གནས་སོ་སོས་སྐོར་ཐེངས་དང་པོའི་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་པའི་རྨང་གཞིའི་སྟེང་། སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་བར་སྐུལ་སློང་དང་བཀོད་སྒྲིག་བྱས་ཏེ། དུས་ཐོག་ཏུ་བསམ་བློ་དང་བྱ་སྤྱོད་གཉིས་ཀ་ཏང་ཀྲུང་དབྱང་གི་དགོངས་དོན་དང་གཅིག་གྱུར་བྱས་ནས། གྲུབ་འབྲས་ངོ་མ་ཐོབ་པ་འགན་སྲུང་བྱས། ཟླ་དགུ་བའི་ཚེས་བཅུ་གཉིས་ཉིན་བར་དུ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་བཀོད་སྒྲིག་གྲོས་ཚོགས་བསྡུས།

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་གཙོ་ཐིག་དེར་དམིགས་ཏེ། ཀན་སུའུ་དང་ཧེ་ལུང་ཅང་། ཨན་ཧོས། ཧྲན་ཏུང་། ཅང་ཞི་སོགས་ས་ཁུལ་གྱིས་ཏང་གི་སློབ་གྲྭ་དང་ཏང་ཡོན་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་རྟེན་གཞི་སོགས་ལ་བརྟེན་ནས་ཏང་ཡོན་ལས་བྱེད་པས་བློ་སེམས་བརྩེ་གཅིག་སྒོས་མ་རྩོམ་ཀློག་པ་དང་མ་རྩོམ་ལ་གོ་བ་ཟབ་མོ་ལེན་པར་ཁྲིད་སྟོན་བྱས། ཧྲན་ཞི་དང་ཉིན་ཞ། ཧུའུ་ནན། མཚོ་སྔོན། ཧྲན་ཞི། ལེའོ་ཉིན། ཅི་ལིན་སོགས་ས་ཁུལ་དང་རྫོང་ལས་ཁུངས་དང་དེ་མིན་དེའི་ཐད་གཏོགས་ལས་ཁུངས་དང་ཁེ་ལས་ལས་དོན་ལས་ཁུངས་སོགས་ཀྱིས་ཏང་ཡོན་ལས་བྱེད་པའི་བསམ་བློ་རྩ་བའི་གནད་དོན་ཐག་གཅོད་རྒྱུ་གཙོར་བཟུང་བར་མ་ཟད་མང་ཚོགས་ཀྱིས་ཧ་ཅང་སེམས་ཁུར་བྱེད་པའི་ཁེ་ཕན་གནད་དོན་ཐག་གཅོད་རྒྱུ་གཙོར་འཛིན་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།