ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཧྥི་ལི་ཕིན་གྱི་ཙུང་ཐུང་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།     སྤེལ་དུས། : 2019-08-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་བརྒྱད་པའི་ཚེས་སུམ་ཅུ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐི་ཨར་ཐི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། ཟླ་བརྒྱད་པའི་ཚེས་སུམ་ཅུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐི་ཨར་ཐི་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་བསྟན་དོན། ཧྥི་ལི་ཕིན་ནི་ཀྲུང་གོའི་ཨེ་ཤ་ཡ་ཤར་ལྷོའི་མཉམ་ལས་གྲོགས་པོ་གལ་ཆེན་ཡིན། འདས་པའི་ལོ་གསུམ་ནང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་བཟང་དང་སྲ་བརྟན་དུ་སོང་བའི་རྨང་གཞིའི་སྟེང་བདེ་ཐང་གི་ལམ་བུ་བརྒྱུད་དེ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གཉིས་ཀྱིས་མཇལ་འཕྲད་གནང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་འཆར་འགོད་བྱས། ཀྲུང་གོ་དང་ཧྥི་ལི་ཕིན་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་དེ་འགལ་རྩོད་ལས་ཆེ་བ་དང་། ཀྲུང་གོ་དང་ཧྥི་ལི་ཕིན་གཉིས་ཀྱིས་ཕན་ཚུན་བརྩི་བཀུར་བྱེད་པ་དང་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་སྟེང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་མཉམ་ལས་རྒྱུན་མཐུད་དང་བརྟན་བརླིང། བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོས་ཧྥི་ལི་ཕིན་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་མཉམ་དུ་འབད་འཐབ་བྱས་ནས། ཧྥི་ལི་ཕིན་གྱིས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འབྲེལ་བའི་མཐུན་སྦྱོར་རྒྱལ་ཁབ་ཀྱི་འགན་ཁུར་བའི་སྐབས་སུ་རྒྱ་མཚོ་ལྷོ་མའི་སྤྱོད་ཚུལ་ཚད་གཞིའི་གྲོས་མཐུན་འགོད་པར་འབད་བརྩོན་བྱེད་པ་དང་། མཚོ་ཐོག་སྣུམ་རླངས་གསར་སྤེལ་བྱས་ཏེ། རྒྱ་མཚོ་ལྷོ་མ་དང་ས་ཁུལ་གྱི་ཞི་བདེ་གཏན་འཇགས་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།

ཏུའུ་ཐི་ཨར་ཐི་ཡིས་བསྟན་དོན། ཧྥི་ལི་ཕིན་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་བརྩེ་ཧ་ཅང་ཟབ་པ་དང་། ཧྥི་ལི་ཕིན་གྱིས་ནམ་ཡང་ཀྲུང་གོར་ངོ་རྒོལ་བྱེད་མི་སྲིད་ལ། ཀྲུང་གོས་ཧྥི་ལི་ཕིན་དང་མཉམ་དུ་རྒྱ་མཚོ་ལྷོ་མའི་སྤྱོད་ཚུལ་ཚད་གཞི་ཐད་ཀྱི་གྲོས་མོལ་སྤེལ་ནས། མཚོ་ཐོག་སྣུམ་རླངས་གསར་སྤེལ་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་རྒྱ་མཚོ་ལྷོ་མའི་སྤྱོད་ཚུལ་ཚད་གཞིའི་གྲོས་མོལ་བྱེད་པའི་རྒྱལ་ཁབ་མིན་པས། ས་ཁུལ་དང་རྒྱལ་ཁབ་ཀྱི་འབད་འཐབ་ལ་བཀག་འགོག་བྱེད་མི་འོས་ཟེར།

ཝང་དབྱི་མཇལ་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།