ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་འགོ་འཛིན་མཛད་དེ་རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཞི་བ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124938474_15670774052911n.jpg

ཟླ་བརྒྱད་པའི་ཚེས་ཉེར་དགུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་ཐེངས་བཞི་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧན་ཀྲིན་གྱིས་འགོ་མཛིན་མཛད་དེ་འགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་ཐེངས་བཞི་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧན་ཀྲིན་གྱིས་ཚེས་ཉེར་དགུ་ཉིན་འགོ་མཛིན་མཛད་དེ་འགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་བསྡུས་ནས། འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཁྱབ་བཤེར་བྱ་བ་དང་གཞི་གྲངས་གཙོ་བོའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་། དུས་རིམ་རྗེས་མའི་ལས་འགན་བཀོད་སྒྲིག་བྱས།

ཧན་ཀྲིན་གྱིས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་བརྟན་པོའི་འོག ས་གནས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སེམས་ཞིབ་མོས་རྩ་འཛུགས་བྱས་པ་དང་། ཁོངས་གཏོགས་ལས་ཁུངས་སོ་སོས་མཉམ་ལས་བཟང་བོ་བྱས་ལ། དཔལ་འབྱོར་ཁྱབ་བཤེར་གཞུང་སྒྲུབ་ཁང་གིས་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། ཁྱབ་བཤེར་བྱེད་ཡུལ་གྱིས་གཞོགས་འདེགས་དམ་ཟབ་བྱས་པས། རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་ཐེངས་བཞི་བའི་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ནས། རྒྱལ་དམངས་དཔལ་འབྱོར་ཐད་ནས་སྤུས་ཚད་མཐོ་བའི་བརྟག་བཤེར་བྱས་པ་དང་། དེར་ཁས་ལེན་གང་ལེགས་བྱེད་འོས་ཟེར།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། བསྡོམས་རྩིས་བྱ་བའི་ཚེ་སྲོག་ནུས་པ་དེ་གཞི་གྲངས་ཀྱི་དྲང་བདེན་རང་བཞིན་ལ་རག་ལས་པས། ངེས་པར་དུ་ཤུགས་རྐྱེན་སྣ་ཚོགས་མེད་པར་བྱས་ཏེ། བསྡོམས་རྩིས་གཞི་གྲངས་ཀྱི་དྲང་བདེན་ལ་ཁག་ཐེག་བྱེད་དགོས། ཐེངས་འདིའི་རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་གཞི་གྲངས་ཀྱི་དྲང་བདེན་རང་བཞིན་སྔར་ལས་ཇེ་བཟང་དུ་སོང་བ་དང་། དུས་ཐོག་ཏུ་སྤྱི་ཚོགས་ཡོངས་ལ་བསྡོམས་རྩིས་གཞི་གྲངས་ཁྱབ་བསྒྲགས་བྱེད་དགོས་ལ། ཡང་དག་པ་དང་དབང་ཟིལ་ལྡན་པ། ཆ་ཚང་བའི་སྒོ་ནས་འགྲེལ་ཀློག་བྱ་བ་བཟང་བོར་བསྒྲུབ་ནས། ཕྱོགས་སོ་སོས་ཁྱབ་བཤེར་གཞི་གྲངས་ལ་རྒྱུས་ལོན་སྔར་ལས་བཟང་བོ་བྱེད་ཐུབ་པར་བྱེད་དགོས། ཡོངས་བསྒྲགས་ཁ་གསལ་གྱི་རྩ་དོན་ལྟར། ཁྱབ་བཤེར་གཞི་གྲངས་ཀྱི་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ། མི་ཚོས་ཁྱབ་བཤེར་གཞི་གྲངས་ལ་རྒྱུས་ལོན་བྱེད་པ་དང་འཚོལ་ཞིབ་བྱེད་པ། བཀོལ་སྤྱོད་བྱེད་པར་སྟབས་བདེ་བསྐྲུན་དགོས། དཔལ་འབྱོར་ཁྱབ་བཤེར་གྱི་གྲུབ་འབྲས་བཀོལ་སྤྱོད་བཟང་བོ་བྱས་ནས། ཚད་གཞི་ཆེས་ཆེ་བའི་སྒོ་ནས་ཁྱབ་བཤེར་གྱི་དཔྱད་གཞི་ཡིག་ཆའི་རིན་ཐང་འདོན་སྤེལ་བྱེད་དགོས། ཁྱབ་བཤེར་གྱི་དཔྱད་གཞི་ཡིག་ཆ་སྔོག་འདོན་གཏིང་ཟབ་བྱེད་པ་དང་། ཁྱབ་བཤེར་གྱི་གཞི་གྲངས་ལ་དབྱེ་ཞིབ་བཟང་བོ་བྱས་ཏེ། ལོ་ལྔའི་འཆར་གཞི་བཅུ་བཞི་བའི་འཆར་འགོད་ལ་ཞིབ་འཇུག་དང་གཏན་འབེབས་བྱེད་པའི་ཐད་རྨང་གཞིའི་གཞི་གྲངས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས། ཐེངས་འདིའི་དཔལ་འབྱོར་ཁྱབ་བཤེར་གྱི་གོ་སྐབས་དམ་འཛིན་བྱེད་པ་དང་། བསྡོམས་རྩིས་གཞི་གྲངས་ཀྱི་དྲང་བདེན་རང་བཞིན་མཐོར་འདེགས་གཏོང་བ་དཀྱིལ་སྙིང་དུ་བྱེད་པ། བསྡོམས་རྩིས་ལྟ་སྐུལ་འགན་ནུས་ཇེ་དྲག་ཏུ་གཏོང་རྒྱུ་གནད་འགག་ཏུ་བྱེད་པ། བསྡོམས་རྩིས་བྱ་བའི་ཚན་རིག་རང་བཞིན་ཇེ་དྲག་ཏུ་གཏོང་རྒྱུ་གཙོ་གནད་དུ་བྱས་ཏེ། བསྡོམས་རྩིས་ཀྱི་བཅོས་བསྒྱུར་གསར་གཏོད་གཏིང་ཟབ་ཏུ་གཏོང་བ་དང་། བསྡོམས་རྩིས་ལས་དོན་སྔར་ལས་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས་ཟེར།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།