ཀྲུང་གོ་བོད་ཀྱི་དྲ་བ།

ཧོང་ཁུན་མེན་གྱིས་པེ་ཅིན་རྒྱལ་སྤྱིའི་དཔེ་མཛོད་བཤམས་སྟོན་ཚོགས་འདུ་སྐབས་ཉེར་དྲུག་པར་ལྟ་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བརྒྱད་པའི་ཚེས་ཉེར་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མེན་གྱིས་པེ་ཅིན་རྒྱལ་སྤྱིའི་དཔེ་མཛོད་བཤམས་སྟོན་ཚོགས་འདུ་སྐབས་ཉེར་དྲུག་པར་ལྟ་ཞིབ་བྱེད་སྐབས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་དང་པར་སྐྲུན་ཁྲིད་ཕྱོགས། རིན་གོང་འཕེལ་ཕྱོགས་བཅས་རྒྱུན་འཁྱོངས་བྱས་ཏེ། རིག་གནས་རང་རྟོན་ཇེ་བརྟན་དུ་གཏོང་བ་དང་ཕུལ་བྱུང་བརྩམས་ཆོས་ཀྱི་འདུ་ཤེས་ཆགས་པར་བྱེད་དགོས་ལ། དུས་རབས་ཀྱི་རླབས་རྒྱུན་གསལ་བོར་ཤེས་པར་བྱེད་པ་དང་དུས་རབས་ཀྱི་གནས་བབ་དང་སྦྲེལ་ཏེ་ཀྲུང་ཧྭའི་རིག་གནས་དར་སྤེལ་བ་དང་དུས་རབས་རྣམ་པ་མངོན་པའི་ལེགས་རྩོམ་མང་བོ་པར་སྐྲུན་བྱས་ནས། མི་དམངས་མང་ཚོགས་ལ་ཕུན་སུམ་ཚོགས་པའི་བརྩམས་ཆོས་མང་པོ་འདོན་སྤྲོད་བྱེད་དགོས་ཟེར།

ཧོང་ཁུན་མེན་གྱིས་བསྟན་དོན། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་ཆེད། བརྗོད་གཞི་གལ་ཆེན་ཡིན་པའི་པར་སྐྲུན་དཔེ་ཆ་དྲིལ་སྒྲོག་དང་མཚམས་སྦྱོར་བྱེད་པར་ཤུགས་སྣོན་པ་དང་། ཕུལ་བྱུང་དཔེ་ཆ་བཤམས་སྟོན་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་དགོས་ལ། མི་རྣམས་ཀྱིས་རླབས་ཆེན་གྱི་ལོ་རྒྱུས་འཕེལ་རིམ་ཡིད་ལ་དམ་པོར་འཛིན་ཞིང་བདེ་སྐྱིད་ཀྱི་འཚོ་བར་གཅེས་སྤྲས་བྱེད་པ་དང་། འབད་འཐབ་ཀྱི་སྙིང་སྟོབས་སྲུང་འཛིན་བྱེད་པར་སྣེ་ཁྲིད་བྱེད་པ་དང་། མེས་རྒྱལ་གྱི་འཁྲུངས་སྐར་ལ་མཉམ་དུ་རྟེན་འབྲེལ་ཞུ་བ་དང་མེས་རྒྱལ་གྱི་གཟི་བརྗིད་མཉམ་སྤྱོད་བྱེད་པའི་སྣང་ཚུལ་བཟང་བོ་གསར་སྐྲུན་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།