ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་ལ་ཏེན་མེ་གླིང་གྲོས་ཁང་གི་གྲོས་དཔོན་ཕུས་སཱ་ལོ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124895131_15662186727121n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བརྒྱད་པའི་ཚེས་བཅུ་དགུ་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ལ་ཏེན་མེ་གླིང་གྲོས་ཁང་གི་གྲོས་དཔོན་ཕུས་སཱ་ལོ་ལ་མཇལ་འཕྲད་གནང་།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ལ་ཏེན་མེ་གླིང་གྲོས་ཁང་ནི་ལ་ཏེན་མེ་གླིང་དང་ཅ་ལིས་པུས་ས་ཁུལ་དུ་ཆེས་གལ་ཆེ་ཞིང་འཐུས་ཚབ་རང་བཞིན་ལྡན་པའི་གྲོས་ཁང་བར་གྱི་རྩ་འཛུགས་ཤིག་ཡིན་པ་དང་། ཀྲུང་གོ་དང་ལ་ཏེན་མེ་གླིང་གི་སྤྱིའི་མཉམ་ལས་ཁྲོད་དུ་ནུས་པ་ཆེན་པོ་བཏོན། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་ལ་ཏེན་མེ་གླིང་གྲོས་ཁང་བར་གྱི་མཛའ་མཐུན་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ཏེ། ཀྲུང་གོ་དང་ལ་ཏེན་མེ་གླིང་གིས་སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པར་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་པར་སྐུལ་འདེད་གཏོང་བ་དང་། མི་གཞུང་མཉམ་ལས་ཕུན་སུམ་ཚོགས་པར་འགྲོ་བར་ཡར་སྐུལ་བྱ་བ་གང་མང་བསྒྲུབ་པར་མ་ཟད། ཀྲུང་གོ་དང་ལ་ཏེན་མེ་གླིང་བར་གྱི་ཁྱོན་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་འབད་བརྩོན་བྱེད་འདོད་ཡོད་ཟེར།

ཕུས་སཱ་ལོ་ཡིས་བཤད་རྒྱུར། ལ་ཏེན་མེ་གླིང་གྲོས་ཁང་གིས་ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་བར་གྱི་བརྗེ་རེས་མཉམ་ལས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་ལ་ཏེན་མེ་གླིང་དང་ཀྲུང་གོའི་མཉམ་ལས་ཇེ་མང་དུ་འགྲོ་བར་སྐུལ་འདེད་གཏོང་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།