ཀྲུང་གོ་བོད་ཀྱི་དྲ་བ།

​ཝང་དབྱི་ཡིས་འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ཧི་ཡེ་ཐེ་ལང་ལ་ཐུག་འཕྲད་བྱས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།     སྤེལ་དུས། : 2019-08-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། ཉེ་ལམ། རྒྱལ་སྲིད་ཨུ་ཡོན་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་འཁུར་མཁན་ཝང་དབྱི་ཡིས་ཐེ་གོ་མན་ཀུའུ་ནས་འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ཧི་ཡེ་ཐེ་ལང་ལ་ཐུག་འཕྲད་བྱས།

ཝང་དབྱི་ཡིས་བཤད་རྒྱུར། ཀྲུང་གོ་དང་འཇར་པན་འབྲེལ་བ་དེ་སྔར་ལས་འཕེལ་རྒྱས་ལེགས་བཅོས་བྱེད་པའི་གོ་སྐབས་གལ་ཆེན་དང་འཕྲད་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་འཇར་པན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་མུ་མཐུད་ནས་ཡང་དག་པའི་བགྲོད་ལམ་དུ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བ་འགན་སྲུང་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་མཐོ་རིམ་འགོ་ཁྲིད་པའི་བར་གྱི་འགྲོ་འོང་དང་འབྲེལ་འདྲིས་སྔར་ལས་ཇེ་མང་དུ་གཏོང་བ་དང་། ཏན་ཏན་ཏིག་ཏིག་སྒོས་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཕྱོགས་གསུམ་པའི་ཚོང་རའི་མཉམ་ལས་དང་གསར་སྐྲུན་མཉམ་ལས་རྒྱ་བསྐྱེད་དགོས་པར་མ་ཟད་མཉམ་གྲོས་དང་མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་རྩ་དོན་ལྟར་སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་དགོས། དེང་སྐབས་ཀྱི་གནས་བབ་འོག ཕྱོགས་གཉིས་ཀྱིས་ད་དུང་རྒྱལ་སྤྱིའི་སྟེགས་བུའི་སྟེང་གི་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། བློ་ཐག་རྦད་ཆོད་སྒོས་ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་སྒྲིག་སྲོལ་སྲུང་སྐྱོབ་བྱས་ནས། ཁུལ་ཁོངས་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས་ཟེར།

ཧི་ཡེ་ཐེ་ལང་གིས་བཤད་རྒྱུར། འཇར་པན་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སང་ལོའི་དཔྱིད་ཀར་འཇར་པན་ལ་རྒྱལ་དོན་འཚམས་འདྲི་བྱེད་པར་རེ་སྒུག་བྱས་ཡོད་པར་མ་ཟད་ཀྲུང་གོ་ཕྱོགས་དང་མཉམ་དུ་འཆར་འགོད་ཞིབ་མོ་བྱས་ཏེ། འཚམ་འདྲི་ལེགས་འགྲུབ་ཡོང་བར་འགན་སྲུང་བྱེད་པ་དང་འཇར་པན་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད། འཇར་པན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱས་ཏེ། རིམ་པ་སོ་སོའི་བར་གྱི་འགྲོ་འོང་དང་འབྲེལ་འདྲིས་ཇེ་མང་དུ་གཏོང་བ་དང་། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཞིང་མི་གཞུང་བརྗེ་རེས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།