ཀྲུང་གོ་བོད་ཀྱི་དྲ་བ།

ཁྲུང་ཆིང་དུ་ཁག་དང་པོའི5Gཉམས་སུ་མྱོང་མཁན་བྱུང་བ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-08-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

མི་དམངས་དྲ་བའི་འཕྲིན། ཟླ7ཚེས30ཉིན། ཁྲུང་ཆིང་ནས་ཁག་དང་པོའི5Gཉམས་ལེན་བྱེད་མཁན20ཡིས5Gགཱ་དང་ཉམས་ལེན་ཁ་པར་དངོས་སུ་བླངས་པ་རེད། ཀྲུང་གོ་སྒུལ་བདེ་ཁྲུང་ཆིང་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། ད་ལོའི་ཟླ་9པའི་ཟླ་སྨད་དུ། ཁྲུང་ཆིང་སྒུལ་བདེའི་5Gདྲ་རྒྱ་དངོས་སུ་ཚོང་ལས་ཐོག་བེད་སྤྱོད་བྱ་རྒྱུ་དང་།   སྤྱོད་མཁན་གྱིས5Gཁ་པར་བརྗེ་དགོས་པ་ལས། གཱ་བརྗེ་མི་དགོས་པར5Gདྲ་རྒྱ་བེད་སྤྱོད་ཆོག་གི་ཡོད། མིག་སྔའི་བར། ཁྲུང་ཆིང་གི5Gདྲ་རྒྱ་ཁྲུང་ཆིང་གི་ཆུས་དང་རྫོང་ཡོངས་སུ་ཤར་གཏོང་ཐུབ་པ་མ་ཟད། ད་དུང་ཚོང་ལས་ཁུལ་ཁ་ཤས་དང་། མཐོ་སློབ། ལུས་རྩལ་ཐང་སོགས་སུ5Gདྲ་རྒྱ་མུ་མཐུད་སྦྲེལ་བཞིན་ཡོད། འདི་ནི་སྤྱོད་མཁན་གྱིས5Gགཱ་དང་ཉམས་ལེན་ཁ་པར་ལེན་ནས་ངོམ་བཞིན་ཡོད་པ།

2.jpg

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།