ཀྲུང་གོ་བོད་ཀྱི་དྲ་བ།

​“དབུལ་སྐྱོར་+”བྱ་ཐབས་ཀྱིས་གྲངས་ཉུང་མི་རིགས་ཀྱི་དབུལ་སྒྲོལ་ཕྱུག་འགྱུར་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-08-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཤེས་རྟོགས་བྱུང་བར་གཞིགས་ན། ཅང་སུའུ་ཞིང་ཆེན་སུའུ་ཆན་གྲོང་ཁྱེར་སི་ཧུང་རྫོང་མེ་ཧྭ་གྲོང་རྡལ་ཏོན་ཀྲོང་གྲོང་ཚོ་ནི་ཅང་སུའུ་ཞིང་ཆེན་གྱི་མི་རིགས་གྲོང་ཚོ་ཞིག་ཡིན་པ་དང་། མི་འབོར་3239དང་། གྲངས་ཉུང་མི་རིགས་ཀྱི་དུད་ཚང་169དང་མི་གྲངས་735ཡོད་པ་རེད། མི་རིགས་དེ་དག་ནི་གཙོ་བོ་མེའོ་རིགས་དང་། དབྱི་རིགས། ཧ་ཉི་རིགས་སོགས་ཡིན་པ་དང་། གྲོང་ཚོ་དེའི་མི་རེའི་ཆ་སྙོམས་ས་ཞིང་མུའུ་3ཟིན་པ་དང་། ལོ་བསྟུད་མར་ལོ་ལེགས་བྱུང་བ། གྲོང་མི་རྣམས་བདེ་སྡོད་དཔེ་སྟོན་གྲོང་ཚོར་སྤོས་ཏེ། གྲངས་ཉུང་མི་རིགས་ཀྱི་སྤུན་ཟླས་སྔོན་ལ་གྲོང་རྡལ་དང་ཆུས་ཀྱི་ཁེ་ལས་དང་བྱ་གསོ་མཉམ་ལས་ཁང་དུ་ལས་ཀ་བྱས་ནས་འཚོ་བ་སྐྱིད་པོ་སྐྱེལ་བཞིན་ཡོད། གྲོང་ཚོ་དེས“དབུལ་སྐྱོར་+ཀུང་སི་+མཉམ་ལས་ཁང་+གྲངས་ཉུང་མི་རིགས་ཀྱི་དུད་ཚང་དབུལ་པོ”བཅས་ཀྱི་བྱ་ཐབས་སྤྱད་དེ་ས་གནས་དེའི་གྲངས་ཉུང་མི་རིགས་ཀྱི་དུད་ཚང་དབུལ་པོ་20ཡི་དབུལ་སྒྲོལ་ལ་སྐུལ་འདེད་བཏང་ཡོད།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།