ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་སློབ་འཁོར་ཕྱིར་གཏོང་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-07-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧུ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་བའི་ལོ་ཤས་རིང་། ཀྲུང་ཐུང་འགྲུལ་སྐྱེལ་རླངས་འཁོར་ཀུང་སིས་རྒྱལ་སྤྱིའི་ཁྲོམ་ར་དང་ལྷག་པར་དུ“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་རྒྱལ་ཁབ་ཏུ་རླངས་འཁོར་མང་པོ་ཕྱིར་གཏོང་བྱས་པ་རེད། མིག་སྔའི་བར་ཀྲུང་ཐུང་འགྲུལ་སྐྱེལ་རླངས་འཁོར་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སིའི་ཐོན་རྫས་ཧན་གོ་དང་། དབྱི་སི་རལ། ཨ་ཀེན་ཐིན། འཇར་མན། མོ་རོ་ཁོ། སོ་ཏི་ཨ་རབ། ཆི་ལི་སོགས་རྒྱལ་ཁབ་དང་ས་ཁུལ་100ལྷག་ཙམ་ལ་ཕྱིར་གཏོང་བྱས་ཡོད་པ་རེད།

ཟླ7ཚེས27ཉིན། ཆིང་ཏའོ་གྲུ་ཁ་ཏ་ཀང་ཁུལ་གྱི་གྲུ་ཁ་དང་པོར་ཆིང་ཏའོ་ཏ་ཀང་འགག་སྒོའི་ལས་དོན་མི་སྣས་ཀྲུང་ཐུང་སློབ་འཁོར་བརྒྱ་ཕྲག་མང་པོར་ཞིབ་བཤེར་བྱས་པ་དང་འགག་སྒོ་ནས་བཏང་བ་རེད། སློབ་འཁོར་དེ་དག་གྲུ་གཟིངས་སུ་བླུགས་ནས་སོ་ཏི་ཨ་རབ་ཏུ་དབོར་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཁྱོན་སློབ་འཁོར་830སོ་ཏི་ཨ་རབ་ཏུ་ཕྱིར་གཏོང་བྱས་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།