ཀྲུང་གོ་བོད་ཀྱི་དྲ་བ།

《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》པོད་གཉིས་པ་པར་སྐྲུན་བྱས་པའི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་དྲ་བ།     སྤེལ་དུས། : 2019-07-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》པོད་གཉིས་པ་དེ་སོག་པོ་དང་བོད། ཡུ་གུར། ཧ་སག ཁྲའོ་ཞན་བཅས་གྲངས་ཉུང་མི་རིགས་ལྔའི་སྐད་ཡིག་ཏུ་བསྒྱུར་ནས་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཚེས་ཉེར་གཉིས་ཉིན་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་པེ་ཅིན་ནས་མཉམ་འབྲེལ་སྒོས་དཔེ་ཆ་པོད་གཉིས་པ་པར་སྐྲུན་བྱས་པའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཡིག་སྒྱུར་པར་སྐྲུན་ཉམས་མྱོང་བརྗེ་རེས་དང་སྤྱི་བསྡོམས་བྱས་ཤིང་། སློབ་སྦྱོང་དང་དྲིལ་སྒྲོག་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དེ་མི་རིགས་ས་ཁུལ་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་སྐུལ་འདེད་བཏང་བར་མ་ཟད། རིགས་སོ་སོའི་མང་ཚོགས་ཀྱིས་འདུ་ཤེས་བཞི་ཡིད་ལ་དམ་པོར་བཅངས་པ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལེགས་པོར་བསྒྲུབ་པར་ཁྲིད་སྟོན་བྱས་པ་དང་། འབད་བརྩོན་ལྷོད་མེད་སྒོས་དུས་རབས་གསར་བའི་མི་རིགས་བྱ་བར་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།