ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས2018ལོར་སློབ་མ་མི་ཐེངས་དུང་ཕྱུར1ཙམ་ལ་རོགས་དངུལ་སྤྲད་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-07-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་གསར་འགོད་པས་སློབ་གསོ་པུའུ་ཡིས་ལན་ཀྲོའུ་རུ་འཚོགས་པའི“རྒྱལ་ཡོངས་ཀྱི་སློབ་གསོའི་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་དང་འབད་འབུངས་ཡར་བརྩོན་གྱིས་ཀྲུང་ཧྭའི་འཁྲུངས་སྐར་ལ་བསུ་བ་ཞུ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་སློབ་གསོའི་འབད་འབུངས་ཡར་བརྩོན་གྱི་ལེའུ་རྩོམ“1+1”གི་གསར་འགྱུར་ཡོངས་བསྒྲགས་དང་བཅར་འདྲིའི་བྱེད་སྒོའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2018ལོར་རྒྱལ་ཡོངས་ཀྱིས་རིགས་ཁག་གི་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མ་མི་ཐེངས་དུང་ཕྱུར1ལ་རོགས་དངུལ་སྤྲད་པ་དང་། རང་རྒྱལ་གྱིས་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མར“རོགས་དངུལ་སྤྲོད་དགོས་རིགས་ལ་རོགས་དངུལ་སྤྲད་པའི”དམིགས་ཡུལ་གཞི་རྩའི་ཆ་ནས་ལེགས་སྒྲུབ་བྱས་ཡོད།

སློབ་གསོ་པུའི་ནོར་དོན་སིས་ངོ་སྤྲོད་བྱས་པར་གཞིགས་ན། 2018ལོར་སློབ་གསོ་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ《ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མ་དབྱེ་འབྱེད་གཏན་འཁེལ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་ནས་ལམ་ལུགས་ཐད་ནས་སློབ་གསོའི་དུས་མཚམས་ཁག་གི་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མ་དབྱེ་འབྱེད་གཏན་འཁེལ་གྱི་ལས་དོན་གྱི་ལས་ཀའི་རྩ་དོན་དང་། ལས་ཀའི་གཞི་འཛིན་ས། ལས་ཀའི་བརྒྱུད་རིམ་སོགས་ཐེངས་དང་པོར་ཕྱོགས་ཡོངས་ནས་ཚད་ལྡན་དུ་བཏང་ནས་གནད་འཕིགས་དབྱེ་འབྱེད་གཏན་འཁེལ་ལ་ལམ་ལུགས་ཀྱི་འགན་ལེན་མཁོ་འདོན་བྱས་ཡོད། དོན་དངོས་ལས་དོན་ཁྲོད། སློབ་གྲྭ་ཁག་གིས་མ་ལག་ནས་བསྡུར་བ་དང་། བརྟག་དཔྱད་འདྲི་རྟོག་བྱེད་པ། གྲངས་གཞི་ཆེ་མོར་དབྱེ་ཞིབ་བྱེད་པ། སློབ་མས་དཔྱད་མོལ་བྱེད་པ་སོགས་ཀྱི་བྱེད་ཐབས་མང་པོ་བརྒྱུད། དབྱེ་འབྱེད་གཏན་འཁེལ་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མར་གནད་འཕིགས་ངོས་འཛིན་བྱས་ཡོད་པ་རེད།

སློབ་གསོ་པུའི་ནོར་སྲིད་སིའི་སི་ཀྲང་གཞོན་པ་ཀྲའོ་ཅན་ཅུན་གྱིས། སྲིད་གཞུང་གིས་ད་དུང་རོགས་སྐྱོར་མི་གྲངས་དང་མ་དངུལ་བགོ་བཤའི་ལམ་སྲོལ་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས“ཁུལ་གསུམ་དང་ཀྲོའུ་གསུམ”སོགས་ཤིན་དུ་དབུལ་བའི་ས་ཁུལ་ལ་གཟིགས་སྐྱོང་དང་། མི་རིགས་སློབ་གླིང་དང་དེ་བཞིན་ཞིང་ནགས་ཆུ་ས་གཏེར་སྣུམ་ཉིང་རྡུལ་སོགས་རིག་ཚན་གྱི་ཆེད་ལས་གཙོ་བོར་བྱེད་པ་དང་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མ་མང་བའི་སློབ་གྲྭར་གཟིགས་སྐྱོང་། ཡིག་ཚགས་དང་གཱ་བཟོས་པ་སོགས་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མར་གཟིགས་སྐྱོང་བཅས་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།