ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གི་གསུང་བཤད་ལ་ཏང་ཡོན་ལས་བྱེད་པ་ཚོས་ལན་ཆ་བཟང་པོ་བྱས།

ཡོང་ཁུངས། : ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།     སྤེལ་དུས། : 2019-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས། རང་རྟོགས་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལ་བརྟེན་ནས་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་བྱེད་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་བཀོད་སྒྲིག་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་རྣམ་པ་གསར་པ་ཟམ་མི་ཆད་པ་གཏོད་རྒྱུ་ཡིན་ཞེས་བསྟན་པ།

སྤྱི་ཟླ་7པའི་ཚེས་9ཉིན་སྐོང་འཚོགས་བྱས་པའི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྲོས་ཚོགས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གལ་ཆེའི་གསུང་བཤད་གནང་ནས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་ཁ་ཕྱོགས་གསལ་སྟོན་གནང་བ་དང་། གཞི་རྩའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་གཅིག་མཇུག་གཉིས་མཐུད་ངང་། རང་རྟོགས་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལ་བརྟེན་ནས་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་བྱེད་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་བཀོད་སྒྲིག་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་རྣམ་པ་གསར་པ་ཟམ་མི་ཆད་པ་གཏོད་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

ལག་ལེན་ཐོག་ནས་ར་སྤྲོད་བྱུང་བར། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ཡག་པོ་བསྒྲུབ་དགོས་ན། ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་ཤུགས་སྣོན་རྒྱག་པ་དང་། ཏང་གིས་ཏང་ལ་དོ་དམ་དང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་གཅིག་གྱུར་སྣེ་ཁྲིད་བྱེད་པ་བཅས་བྱས་ཚེ། གཞི་ནས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་འདི་ཉིད་ཆབ་སྲིད་ལས་ཁུངས་ཡིན་པའི་མངོན་གསལ་དོད་པའི་ངོ་བོ་དུས་ནམ་ཡང་གནས་ཐུབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུངས་བཤད་དེས། ནོར་སྲིད་པུའི་ལས་ཁུངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལི་ཅི་ཀང་ལ་སྐུལ་ལྕག་ཚད་མེད་ཐེབས་ཡོད་པ་དང་། ཁོང་གིས། ང་ཚོས་ཆབ་སྲིད་བརྗོད་པའི་བླང་བྱ་དེ་ནོར་སྲིད་ལས་དོན་གྱི་གལ་ཆེའི་འཐབ་ཇུས་འཆར་འགོད་བྱེད་པ་དང་། གལ་ཆེའི་ནོར་སྲིད་སྲིད་ཇུས་བཟོ་བ། གལ་ཆེའི་ནོར་སྲིད་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལག་ལེན་ནང་ལག་བསྟར་བྱེད་དགོས་པ་དང་། དུས་རྟག་ཏུ་དམིགས་ཚད་དང་དུས་ཚོད་ལ་གཞིགས་ནས། དུས་ཐོག་ཏུ་ཧེ་བག་ལེགས་སྒྲིག་བྱས་ཏེ། ནོར་སྲིད་བྱ་གཞག་དེ་ཉིད་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་ཐོག་གོང་འཕེལ་འགྲོ་བ་འགན་ལེན་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པའི་ཐད་མདུན་དུ་སྐྱོད་པ་དང་། སློབ་སྦྱོང་སློབ་གསོའི་དམིགས་སའི་རང་བཞིན་དང་ཕན་ཡོད་རང་བཞིན་མཐོ་རུ་བཏང་ཐོག སློབ་སྦྱོང་བྱས་ནས་ཤེས་རྟོགས་ཐུབ་པ་དང་དོན་འཁྱོལ་བྱེད་པའི་ཐད་དཔེ་སྟོན་ཡག་པོ་བྱས་ནས། སློབ་སྦྱོང་གི་གྲུབ་འབྲས་རང་འཁྲིའི་ལས་ཀ་ཡག་པོ་སྒྲུབ་པ་དང་། བྱ་གཞག་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཐད་དོན་འཁྱོལ་བྱེད་དགོས་ཞེས་ནན་བཤད་གནང་ཡོད། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཐིང་བཞི་པའི་ཞིབ་དཔྱོད་དཔོན་ཡན་ལི་ཡིས། སྤྱི་ཁྱབ་ཧྲུའུ་ཅིའི་སྲིད་ཁྲིམས་ལས་དོན་དང་ཞིབ་དཔྱོད་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་གྱི་དགོངས་དོན་ཁོང་དུ་ཆུད་རྒྱུ་ཟམ་མི་ཆད་པ་གཏིང་ཟབ་ཏུ་གཏོང་བ་དང་། སློབ་སྦྱོང་གཏིང་ཟབ་དང་ཤེས་རྟོགས་གཏིང་ཟབ་བྱེད་པ་དང་། གོ་དོན་མཐིལ་རྟོགས་བྱེད་པ། ཡིད་ཆེས་དང་ལག་ལེན་ངོ་མ་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཞིབ་དཔྱོད་ལག་ལེན་ལ་མཛུབ་ཁྲིད་བྱེད་པ་བཅས་བྱས་ཏེ། དུས་རབས་གསར་པའི་ཞིབ་དཔྱོད་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་གསུངས་ཡོད། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ཚོགས་པའི་ལས་ཁུངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཕང་མན་ཏུང་གིས། བུད་མེད་མཉམ་འབྲེལ་ཚོགས་པའི་སྒྲིག་འཛུགས་དང་ལས་ཀའི་ཆབ་སྲིད་རང་བཞིན་དང་སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་ཤུགས་ཆེར་ཏན་ཏིག་གཏོང་དགོས་པ་དང་། ལྷག་པར་དུ་འགག་རྩ་ཉུང་ཤས་དང་གཞོན་ནུའི་རིགས་པའི་གཞུང་ལུགས་རང་བཞིན་གྱི་སློབ་སྦྱོང་ལ་དམ་འཛིན་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཏང་འཛུགས་དང་ལས་སྒོའི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་ན། ཏང་འཛུགས་ལས་དོན་དང་ལས་སྒོའི་ལས་དོན་མཉམ་དུ་འཆར་འགོད་དང་མཉམ་དུ་བཀོད་སྒྲིག མཉམ་དུ་དོན་འཁྱོལ། མཉམ་དུ་ཞིབ་བཤེར་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཞེས་ནན་བཏོན་གནང་ཡོད། རྒྱལ་ཁབ་ཡིག་སྐུར་ངོ་གཏུག་ཅུས་ཀྱི་ལས་ཁུངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཀྲང་རུད་ཅུན་གྱིས་དེའི་ཐད་མྱོང་ཚོར་ཟབ་མོ་བྱུང་ཡོད་པ་དང་། ཁོང་གིས། མང་ཚོགས་ནས་ལན་ཆ་བྱས་པའི་དོན་དངོས་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་ངོ་མ་གཏོང་བ་དང་། གནད་དོན་ཚང་མ་ཐག་གཅོད་བྱེད་པ་དང་། བྱ་བ་ཚང་མར་ལན་ཆ་ཡོད་པའི་འགན་ལེན་བྱས་ཏེ། ཏང་དང་སྲིད་གཞུང་དང་མི་དམངས་མང་ཚོགས་བར་གྱི་བསམ་པའི་འབྲེལ་ཟམ་ཞིག་འཛུགས་དགོས་ཞེས་བསྟན་ཡོད་པ་རེད། ཞིབ་རྩིས་ཧྲུའུ་ཡི་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་ཞིབ་རྩིས་སེའི་ཁྲུའུ་ཀྲང་གཞོན་པ་ཧྲའོ་ཡུན་ཧྥན་གྱིས།ཏང་འཛུགས་ལས་དོན་དང་ཞིབ་རྩིས་ལས་སྒོ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་དཔལ་འབྱོར་བདེ་འཇགས་ལ་སྲུང་སྐྱོབ་དང་། སྲིད་གཙང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ཞིབ་རྩིས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སྤྱོད་གཙང་དང་འགན་འཁྲི་འཁུར་བའི་འབྲེལ་བ་ངེས་པར་དུ་ཡང་དག་པའི་ངང་ཐག་གཅོད་བྱེད་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པ་དེ་འགན་འཁྲི་མི་འཁུར་བ་དང་། ལས་དོན་མི་སྒྲུབ་པའི་ཁ་གཡར་སར་གཏན་ནས་འགྱུར་མི་རུང་ཞེས་བསྟན་ཡོད། ཆེས་མཐོའི་མི་དམངས་ཁྲིམས་ཁང་ཆབ་སྲིད་པུའི་ཆེད་ལས་ཀྱི་ཏང་དོན་ལས་བྱེད་པ། སྲིད་གཙང་ལྟ་ཞིབ་པ་ཅི་ཀྲུང་པེའོ་ཡིས། ངེས་པར་དུ་སྤྱོད་གཙང་ངང་འགན་འཁྲི་འཁུར་བ་དང་། སྲིད་དོན་ཧུར་ཐག་སྒྲུབ་པ་དང་སྤྱོད་གཙང་ངང་སྲིད་དོན་སྒྲུབ་པའི་འདུ་ཤེས་ཤུགས་ཆེར་གཏོང་བ་དང་། ཁེ་དབང་ལ་མི་ལྟ་བ། རྩ་དོན་རྒྱུན་འཁྱོངས་བྱེད་པ། ཁྲིམས་ལུགས་ལ་བརྩི་སྲུང་། བསླུ་བྲིད་འོག་མི་ཚུད་པ། གནོན་ཤུགས་ཐེག་ཐུབ་པ། རྟག་ཏུ་རང་སྐྱོན་རང་ཞིབ་བྱེད་པ་དང་། ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ནས། ཆབ་སྲིད་ཐད་རིག་པ་གསལ་བའི་ཁྲིམས་དཔོན་ཡག་པོ་ཞིག་དང་། བློ་གཅིག་སེམས་གཅིག་གིས་དམངས་ཀྱི་ཆེད་དུ་ཡིན་པའི་ཁྲིམས་དཔོན་ཡག་པོ་ཞིག འགན་འཁྲི་འཁུར་ཕོད་པའི་ཁྲིམས་དཔོན་ཡག་པོ་ཞིག སྤྱོད་གཙང་ངང་ཁྲིམས་འཛིན་བྱེད་པའི་ཁྲིམས་དཔོན་ཡག་པོ་ཞིག་བཅས་བྱས་ཏེ། མི་དམངས་མང་ཚོགས་ཚོས་ཁྲིམས་འཛིན་གྱོད་གཞི་རེའི་ཁྲོད་ནས་གཞུང་དྲང་དང་དྲང་བདེན་མྱོར་ཚོར་ཐུབ་པ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་ལག་བསྟར་བྱེད་དགོས་ཞེས་གསུངས་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཁྲེན་ཅུན་གྱིས། ཏང་གི་ཆབ་སྲིད་ཀྱི་སྒྲིག་ལམ་དང་ཆབ་སྲིད་ཀྱི་སྒྲིག་སྲོལ་སློབ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་ཁྱབ་ཁོངས་ལ་གནང་བའི་མཆན་འགོད་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་གཉིས་དོན་ཐོག་ཏུ་འཁྱོལ་རྒྱུར་འགན་སྲུང་བྱེད་དགོས་ཞེས་གསུངས་ཡོད། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དྲིལ་བསྒྲགས་པུའི་རིག་གནས་ཁྲུའི་ཁྲུའུ་ཀྲང་ལུའེ་ཐུང་དབྱི་ཡིས། ང་ཚོས་སྒོ་ཀུན་ནས་ཏང་གི་གཏན་འབེབས་ལག་བསྟར་བྱེད་པ་དང་ཏང་གི་འདོད་ཚུལ་དྲིལ་སྒྲོག་བྱེད་པ། གཞོན་ནུ་གཅིག་ཏུ་སྒྲིལ་རྒྱུར་སྣེ་ཁྲིད་བྱེད་པ། བསྒྱུར་བཅོས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དམག་འཐབ་མཁར་རྫོང་ཞིག་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།

མདུན་གྲལ་དུ་བསྐྱོད། མིག་དཔེ་འདོན་ཞེས་པ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ཐད་བཏོན་གནང་བའི་བླང་བྱ་ཁ་གསལ་ཞིག་ཡིན། དོན་དེར། ཆུ་བེད་པུའི་ལས་ཁུངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཐང་ལེའང་ཧྲེན་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད། ཁོང་གིས་ཆུ་བེད་པུས་དེ་གོ་སྐབས་དང་འགུལ་ཤུགས་བྱས་ནས་རང་རྟོགས་ངང་མདུན་གྲལ་དུ་བསྐྱོད་པ་དང་མིག་དཔེ་འདོན་པ། སྒོ་ཀུན་ནས་ཆུ་བེད་པུའི་ཏང་འཛུགས་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཏང་ཀྲུང་དབྱང་ཐུགས་བློ་བདེ་བ་དང་མི་དམངས་མང་ཚོགས་རྣམས་བློ་ཡིད་ཚིམ་པའི་དཔེ་བཟང་ཚན་པ་ཞིག་ཏུ་འཛུགས་སྐྱོང་བྱས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆུ་བོ་བཅོས་སྒྲིག་ཐད་གནང་བའི་རྣམ་བཤད་གལ་ཆེན་དང་ཀྲུང་དབྱང་གི་ཆུ་བོ་བཅོས་སྒྲིག་ཐད་ཀྱི་བྱེད་ཕྱོགས་སྒོ་ཀུན་ནས་ལག་བསྟར་བྱ་རྒྱུར་སྲ་ཞིང་བརྟན་པའི་འགན་སྲུང་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།