ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འཇར་པན་ཏ་པན་ནས་ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124680773_15616474035981n.jpg

ཟླ6པའི་ཚེས27ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཇར་པན་ཏ་པན་ནས་ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ6པའི་ཚེས27ཉིན།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཇར་པན་ཏ་པན་ནས་ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོ་དང་ཧན་གོ་རྒྱལ་ཁབ་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་གོ་སྐབས་དམ་འཛིན་བྱེད་པ་དང་། ཕྱོགས་གཉིས་བར་གྱི་རང་མོས་ཉོ་ཚོང་གྲོས་མཐུན་གྱི་དུས་སྐབས་གཉིས་པའི་གྲོས་མོལ་མྱུར་དུ་བྱས་ཏེ། ཉོ་ཚོང་དང་ཚན་རྩལ། ནོར་སྲིད་དཔལ་འབྱོར། ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་ལས་རྒྱ་བསྐྱེད་དགོས། ཀྲུང་གོ་དང་ཧན་གོའི་བར་གྱི་མཉམ་ལས་ནི་གཉིས་ཕན་མཉམ་རྒྱལ་ཡིན་པས་ཕྱི་ཕྱོགས་གནོན་ཤུགས་ཀྱི་ཤུགས་རྐྱེན་ཐེབས་མི་རུང་། ཧན་གོ་ཕྱོགས་ཀྱིས་མུ་མཐུད་དུ་མཐོང་ཆེན་བྱས་ཏེ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ཡོད་གནད་དོན་འོས་འཚམ་སྒོས་ཐག་གཅོད་བྱེད་དགོས་ཟེར།

ཝུན་ཙེ་དབྱིན་གྱིས་བཤད་རྒྱུར། ཧན་གོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱས་ཏེ་ཕྱོགས་གསུམ་པའི་ཚོང་ར་རྒྱ་བསྐྱེད་པར་མ་ཟད་ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་། སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།