ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་ཟུར་ཞུགས་པའི་འཐུས་མི་དང་བཞུགས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ6པའི་ཚེས27ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པར་ཟུར་ཞུགས་བྱས་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་བཞུགས་མོལ་བྱས་ཏེ། ཁྲིམས་འཛུགས་བྱ་བའི་སྐོར་གྱི་བསམ་འཆར་དང་བསམ་ཚུལ་ལ་ཉན་པ་དང་དམངས་ཆེན་ཁྲིམས་འཛུགས་བྱ་བར་ཤུགས་སྣོན་པར་ཞིབ་འཇུག་བྱས། ཁོང་གིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཁྲིམས་འཛུགས་བྱ་བའི་ཁྲོད་དུ་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱེད་པ་དང་མི་དམངས་ཀྱི་རེ་འདུན་ཡར་ཞུ་བྱེད་པར་མ་ཟད། དམངས་ཆེན་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཧུར་ཐག་སྒོས་ཁྲིམས་འཛུགས་པ་ནི་མི་དམངས་ཀྱི་དོན་ཡིན་པ་དང་མི་དམངས་ལ་བརྟེན་དགོས་ལ།  མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་མི་དམངས་སྲུང་སྐྱོབ་བྱེད་ཐུབ་ཞིག་བྱེད་དགོས་ཟེར།

འཐུས་མི་ང་ལྔའི་ནང་གི་མང་ཤོས་ནི་གཞི་རིམ་ནས་ཡོང་བ་ཡིན། ཁོ་ཚོས་འཕྲོ་རིམ་འཕྲོར་གཏམ་བཤད་དེ་བསམ་འཆར་དང་བསམ་ཚུལ་གང་མང་བཏོན། ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། དམངས་ཆེན་འཐུས་མིས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་སུ་གཏོང་བ་དང་འགན་འཁྲིའི་ཁག་ཁུར་ནུས་པ་ཇེ་ཆེར་གཏོང་དགོས་ལ།  རང་རྟོགས་སྒོས་ཏང་གི་གསར་སྐྲུན་རིགས་གཞུང་དང་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་བཅའ་ཁྲིམས་དང་ཕྱོགས་གཞན་པའི་ཆེད་ལས་ཤེས་བྱ་སློབ་སྦྱོང་བྱས་ནས། ཁྲིམས་འཛུགས་བྱ་བར་ཞུགས་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།