ཝང་དབྱང་གིས་འགོ་འཛིན་མཛད་དེ་རྒྱལ་ཡོངས་སྲིད་གྲོས་ཀྲུའུ་ཞིའི་གྲོས་ཚོགས་ཀྱི་ཁོངས་མིའི་གྲོས་ཚོགས་བསྡུས།

20190627094402czKE.jpg

རྒྱལ་ཡོངས་སྲིད་གྲོས་ཀྲུའུ་ཞིའི་གྲོས་ཚོགས་ཀྱི་ཁོངས་མིའི་གྲོས་ཚོགས་ཉེ་ལམ་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་སྲིད་གྲོས་ཀྲུའུ་ཞིའི་གྲོས་ཚོགས་ཀྱི་ཁོངས་མིའི་གྲོས་ཚོགས་ཉེ་ལམ་པེ་ཅིན་ནས་ཚོགས། ཚོགས་ཐོག་ཏུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། མི་དམངས་སྲིད་གྲོས་ཀྱི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ལམ་ལུགས་བཀོད་སྒྲིག་སྔར་ལས་བཟང་བོ་བྱས་ཏེ། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པའི་བརྗོད་དོན་ལ་དམིགས་ནས་སློབ་སྦྱོང་ཞིབ་སྡུར་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་ཀྱིས་དོན་ཆེན་ལ་བསམ་གཞིགས་གཏོང་བ་དང་ཡུན་རིང་ལ་འཆར་འགོད་བྱེད་པ། དཀའ་གནད་ཐག་གཅོད་པར་སྣེ་ཁྲིད་བྱེད་པ། འཐབ་ཇུས་བསམ་གཞིགས་དང་རྩོད་སྒྲུབ་བསམ་གཞིགས་ནུས་པ་མཐོར་འདེགས་བཏང་སྟེ། སྲིད་གྲོས་ཀྱི་གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། མི་དམངས་སྲིད་གྲོས་ཀྱི་བྱ་བ་སྣ་ཚོགས་རྒྱུན་མ་ཆད་པར་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས་ཟེར།

ཝང་དབྱང་གིས་ནན་གྱིས་བསྟན་དོན། མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་དུས་རབས་གསར་བའི་གནས་ཐིག་གཏན་ཁེལ་ཁ་གསལ་བོ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་དུས་རབས་གསར་བའི་ལས་འགན་གསར་བ་གཏན་ཁེལ་གསལ་བོ་བྱེད་པ་དང་། སྲིད་གྲོས་ལམ་ལུགས་ཀྱི་ཕན་ཡོད་ལག་བསྟར་དང་དམངས་གཙོ་གོ་རིམ་བརྒྱུད་དེ། མི་དམངས་སྲིད་གྲོས་དེ་ཏང་གི་བྱ་བ་སྣ་ཚོགས་ཐད་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་ཤུགས་སྣོན་པའི་གཡུལ་ས་གཙོ་བོར་འགྱུར་བར་བྱེད་དགོས། མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་དུས་རབས་གསར་བའི་འགན་ནུས་གསར་བ་གཏན་ཁེལ་གསལ་བོ་བྱེད་པ་དང་། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་རྒྱུ་དེ་འགན་སྒྲུབ་བྱ་བའི་དཀྱིལ་སྙིང་དུ་བརྩིས་ནས། ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བའི་གོ་དོན་ཁོང་དུ་ཆུད་པར་བྱེད་པ་དང་། ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བའི་རྐྱེན་སྲོལ་དང་འདྲེན་བྱེད་གསར་གཏོད་བྱས་ཏེ། བློ་འདོན་ཇུས་འབུལ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བའི་ཕྱོགས་གཉིས་ཐད་ཤུགས་འདོན་དགོས། མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་དུས་རབས་གསར་བའི་འགན་འཁྲི་གསར་བ་གཏན་ཁེལ་གསལ་བོ་བྱེད་པ་དང་། ཆབ་སྲིད་འགན་འཁྲི་དང་ལམ་ལུགས་འཛུགས་སྐྲུན་འགན་འཁྲི་ཇེ་དྲག་ཏུ་གཏོང་དགོས། མི་དམངས་སྲིད་གྲོས་རང་སྟེང་གི་ལམ་ལུགས་འཛུགས་སྐྲུན་གྱི་དུས་རབས་གསར་བའི་རེ་བ་གསར་བ་གཏན་ཁེལ་གསལ་བོ་བྱེད་པ་དང་། ནང་ཁོག་གི་ལམ་ལུགས་ཀྱི་གོང་རིམ་ཇུས་འགོད་ལ་ཤུགས་བསྣན་ནས། ལམ་ལུགས་བཀོལ་སྤྱོད་ལས་ཆོད་དང་སྤུས་ཚད་མཐོར་འདེགས་གཏོང་དགོས་ཟེར།

ཝང་དབྱང་གིས་བསྟན་དོན། མི་དམངས་སྲིད་གྲོས་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་རྒྱུ་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་པས། འགན་འཁྲི་འདུ་ཤེས་དང་བྲེལ་མྱུར་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཏན་ཏན་ཏིག་ཏིག་གིས་འབྲེལ་ཡོད་གྲོས་ཚོགས་དང་རྟེན་འབྲེལ་ཞུ་བའི་བྱ་བའི་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་ནས། འགུལ་སྐྱོད་དངོས་ཀྱི་སྟེང་ནས་མི་དམངས་སྲིད་གྲོས་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་སྐྱེས་སུ་འབུལ་དགོས་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།