ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

    སྤེལ་དུས། : 2019-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ6པའི་ཚེས26ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཁེ་ལས་ཆུང་བའི་དངུལ་བསྡུའི་དོན་དངོས་སྐྱེད་ཀའི་ཚད་ཇེ་དམའ་རུ་གཏོང་བའི་བྱེད་ཐབས་གཏན་འཁེལ་བྱས་ཏེ། དམངས་གཉེར་དང་ཁེ་ལས་ཆུང་བའི་དངུལ་རྩའི་ཞབས་ཕྱི་ཕྱོགས་བསྡུས་བཅོས་སྒྱུར་ཟབ་སྤེལ་གྱི་ཚོད་ལྟ་བྱེད་རྒྱུ་ཐག་བཅད་པ་དང་། ཤེས་བྱའི་ཐོན་དབང་གཏའ་འཇོག་དངུལ་བསྡུ་དང་གསར་བཟོ་ལས་རིགས་ཀྱི་ཡིད་རྟོན་དངུལ་བུན་གཏོང་ཚད་རྒྱ་བསྐྱེད་པར་རྒྱབ་སྐྱོར་བྱས་ཏེ། གསར་སྐྲུན་དང་དངོས་ཕུང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བཀོད་སྒྲིག་བྱས་པ། མཐོ་རིམ་ལས་རིགས་སློབ་གྲྭའི་བྱ་དགའི་རོགས་སྐྱོར་མ་དངུལ་གྱི་ཁེབས་རྒྱ་རྒྱ་བསྐྱེད་པ་དང་ཁ་གསབ་ཚད་གཞི་ཇེ་མཐོར་གཏོང་བར་མ་ཟད་འབྲིང་རིམ་ལས་རིགས་སློབ་གསོའི་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་མ་དངུལ་འཛུགས་རྒྱུ་ཐག་བཅད།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།