ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་ཞང་སྡེའི་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་ཞང་སྡེའི་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར་འགྲེམ་སྤེལ་བྱས་པར་མ་ཟད་བརྡ་ཐོ་བཏང་སྟེ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དོན་དངོས་དང་སྦྲེལ་ནས་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བྱེད་དགོས་པའི་རེ་བ་བཏོན།

མཛུབ་སྟོན་བསམ་འཆར་ལས་བསྟན་དོན། ཉིས་སྟོང་ཉི་ཤུ་ལོའི་བར་དུ་དེང་རབས་ཞང་སྡེ་བཅོས་སྐྱོང་གི་ལམ་ལུགས་སྤྱི་ཁོག་དང་སྲིད་ཇུས་མ་ལག་ཕལ་ཆེར་ཆགས་པར་བྱེད་པ་དང་། ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ཀྱིས་འཐབ་འཛིང་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་པའི་ཞིང་སྡེའི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་སྡེ་དམངས་རང་སྐྱོང་ལག་ལེན་སྔར་ལས་གཏིང་ཟབ་ཏུ་སྤེལ་བ། སྡེ་བ་རིམ་པའི་གྲོས་དོན་གྲོས་མོལ་ལམ་ལུགས་སྔར་ལས་ཆ་ཚང་དུ་གཏོང་བར་མ་ཟད་ཞང་སྡེ་བཅོས་སྐྱོང་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་དགོས། ཉིས་སྟོང་སོ་ལྔ་ལོའི་བར་དུ་ཞང་སྡེའི་སྤྱི་ཐུན་ཞབས་ཕྱི་དང་སྤྱི་ཐུན་དོ་དམ། སྤྱི་ཐུན་བདེ་འཇགས་འགན་སྲུང་ཆུ་ཚད་མངོན་གསལ་སྒོས་མཐོར་འདེགས་སུ་གཏོང་བ་དང་། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་པའི་རང་སྐྱོང་དང་ཁྲིམས་སྐྱོང་། ཀུན་སྤྱོད་བཅས་ཟུང་དུ་སྦྲེལ་བའི་ཞང་སྡེའི་བཅོས་སྐྱོང་མ་ལག་སྔར་ལས་འཐུས་ཚང་དུ་བཏང་ནས། ཞང་སྡེའི་སྤྱི་ཚོགས་བཅོས་སྐྱོང་ལ་ཕན་ནུས་ཐོབ་པ་དང་གསོན་ཤུགས་ཇེ་ཆེར་འགྲོ་བ། འཆམ་མཐུན་དང་གོ་རིམ་ལྡན་པར་བྱེད་དགོས་ལ། ཞང་སྡེའི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེ་དེང་རབས་ཅན་དུ་ཕལ་ཆེར་མངོན་འགྱུར་བྱེད་དགོས་ཟེར།

མཛུབ་སྟོན་བསམ་འཆར་ལས་ད་དུང་ཞང་སྡེའི་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་ལས་འགན་གཙོ་བོ་དང་རྩ་འཛུགས་ལག་བསྟར་སོགས་ཀྱི་ཐད་ལ་རེ་བ་བཏོན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།