ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《བསམ་འཆར》པར་འགྲེམས་བྱས་ཏེ་ཤེས་ལྡན་མི་སྣ་དཀའ་ངལ་ཆེ་བའི་མཐའ་མཚམས་རྒྱང་རིང་ས་ཁུལ་དང་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བསྐྱོད་རྒྱུར་སྐུལ་མ་གཏོང་བ་དང་ཁྲིད་སྟོན་བྱས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  2019ལོའི་ཟླ1ཚེས23ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་བ་དང《ཤེས་ལྡན་མི་སྣ་དཀའ་ངལ་ཆེ་བའི་མཐའ་མཚམས་རྒྱང་རིང་ས་ཁུལ་དང་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བསྐྱོད་རྒྱུར་སྐུལ་མ་གཏོང་བ་དང་ཁྲིད་སྟོན་བྱ་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《བསམ་འཆར》པར་འགྲེམས་བྱས་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

《བསམ་འཆར》ནང་བསྟན་དོན། དཀའ་ངལ་ཆེ་བའི་མཐའ་མཚམས་རྒྱང་རིང་ས་ཁུལ་དང་གཞི་རིམ་འཕེལ་རྒྱས་མགྱོགས་མྱུར་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པར་ཤེས་ལྡན་པ་ནི་འགག་རྩ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དཀའ་ངལ་ཆེ་བའི་མཐའ་མཚམས་རྒྱང་རིང་ས་ཁུལ་དང་གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་ཤེས་ལྡན་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་བ་དང་། རིགས་ཁག་གི་ཤེས་ལྡན་པ་དཀའ་ངལ་ཆེ་བའི་མཐའ་མཚམས་རྒྱང་རིང་ས་ཁུལ་དང་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་ལས་སྒྲུབ་ལས་གཏོད་བྱེད་པར་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

དེང་སྐབས་དཀའ་ངལ་ཆེ་བའི་མཐའ་མཚམས་རྒྱང་རིང་ས་ཁུལ་དང་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་ཤེས་ལྡན་པ་དཀོན་པའི་གནད་དོན་སྔར་བཞིན་མངོན་གསལ་ཧ་ཅང་དོད་པོ་ཡོད་པས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པ་བཅས་ཀྱི་དམིགས་ཚད་བླང་བྱ་དང་འཚམ་དཀའ་བ་རེད། དུས་བབ་གསར་པ་དང་ལས་འགན་གསར་པའི་མདུན་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་ཏང་གིས་ཤེས་ལྡན་པར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་དང་། ཤེས་ལྡན་པ་གསོ་སྐྱོང་དང་། ཚུར་འགུག འཁོར་རྒྱུག་བཅས་དང་སྐུལ་གཏོང་འགན་ལེན་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་ཕུལ་བྱུང་ཤེས་ལྡན་པ་དེ་བས་མང་བས་དཀའ་ངལ་ཆེ་བའི་མཐའ་མཚམས་རྒྱང་རིང་ས་ཁུལ་དང་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་འཇོན་ཐང་འདོན་པ་དང་། བྱས་རྗེས་འཇོག་པ། བྱ་གཞག་གཏོད་པ་བཅས་ལ་སྐུལ་མ་གཏོང་བ་དང་ཁྲིད་སྟོན་བྱེད་དགོས།

《བསམ་འཆར》ནང་བསྟན་དོན། ཐོན་ལས་དང་ཚན་རྩལ་རྣམ་གྲངས་གཅིག་སྡུད་ཀྱི་ཕན་འབྲས་འདོན་སྤེལ་བྱས་ཏེ་ཤེས་ལྡན་པས་དཀའ་ངལ་ཆེ་བའི་མཐའ་མཚམས་རྒྱང་རིང་ས་ཁུལ་དང་གཞི་རིམ་འཐབ་ཕྱོགས་དང་པོར་བསྐྱོད་དེ་ལས་སྒྲུབ་ལས་གཏོད་བྱེད་པའི་ལས་སྟེགས་སྐྲུན་དགོས། དཀའ་ངལ་ཆེ་བའི་མཐའ་མཚམས་རྒྱང་རིང་ས་ཁུལ་དང་གཞི་རིམ་འཐབ་ཕྱོགས་དང་པོས་ཡུལ་དེའི་དམིགས་སུ་ཡོད་པའི་རང་བྱུང་དང་མི་ཆོས་རིག་གནས་ཀྱི་ཐོན་ཁུངས་དང་། ཁྱད་ལྡན་ལེགས་ལྡན་ཐོན་ལས། འབྲེལ་ཡོད་ཚན་ཞིབ་རྣམ་གྲངས་བཅས་ལ་བརྟེན་ནས་བྱ་གཞག་གི་ལས་སྟེགས་ཧུར་ཐག་བཏོད་དེ་རིགས་ཁག་གི་ཤེས་ལྡན་པར་ལས་དོན་སྒྲུབ་སའི་བསྒྲུབ་ཡུལ་ཡོད་པ་དང་། ལས་གཏོད་བྱེད་པའི་གོ་སྐབས་ཡོད་པ། འཕེལ་རྒྱས་གཏོང་བའི་བར་མཐོངས་ཡོད་པ་བཅས་བྱེད་པར་སྐུལ་འདེད་གཏོང་དགོས།

《བསམ་འཆར》ནང་ནན་བཤད་བྱས་དོན། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ལས་ཀའི་འགན་འཁྲིའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་སྲིད་ཇུས་བྱེད་ཐབས་ཁག་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་ཤར་རྒྱུད་དར་རྒྱས་ཆེ་བའི་ས་ཁུལ་གྱིས“འདུ་ཤེས་བཞི”བརྟན་པོ་བཙུགས་ཏེ་དཀའ་ངལ་ཡོད་པའི་མཐའ་མཚམས་རྒྱང་རིང་ས་ཁུལ་དང་གཞི་རིམ་འཐབ་ཕྱོགས་དང་པོའི་ཤེས་ལྡན་པར་རྒྱབ་སྐྱོར་བྱེད་པའི་ལས་དོན་ཉིན་རེའི་གྲོས་རིམ་གལ་ཆེའི་ནང་བཅུག་སྟེ་རང་སོ་སོའི་དོན་དངོས་ལ་གཞིགས་ནས་དོན་འཁྱོལ་བྱེད་ཐབས་ཞིབ་ཕྲ་བཟོ་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།