ཀྲུང་གོ་བོད་ཀྱི་དྲ་བ།

སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པ་པེ་ཅིན་ནས་གྲོལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124645595_15609457149001n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་བཅུ་དགུ་ཉིན། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པ་པེ་ཅིན་ནས་གྲོལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་མཇུག་སྒྲིལ་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། 

ཁོང་གིས་བསྟན་དོན། གསར་བཟོ་ལས་རིགས་ནི་རྒྱལ་ཁབ་འཛུགས་པའི་གཞི་རྩ་དང་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་བའི་རྨང་གཞི་ཡིན་པ་དང་། དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཡུལ་གཙོ་བོ་ཡིན། ཐེངས་འདིའི་རྒྱུན་ལས་གྲོས་ཚོགས་སྟེང་གསར་བཟོ་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བརྗོད་གཞི་བྱས་པ་དེ་ལས་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་བྱས་པ་དང་ཏང་དང་རྒྱལ་ཁབ་ཀྱི་དཀྱིལ་སྙིང་ལས་འགན་ལག་བསྟར་བྱེད་པའི་བྱ་བའི་རྩ་དོན་གཅིག་སྡུད་བྱས་པ་གསལ་བོར་མཚོན་པར་བྱས་ཤིང་། མི་དམངས་སྲིད་གྲོས་དེ་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཁྱད་ཆོས་དང་ཁྱད་སྟོབས་མཚོན་པར་བྱས་ཡོད་ཟེར།

ཚོགས་ཐོག་ནས་བློ་མཐུན་ཁྲིན་ཅིན་ཞིན་གྱི་སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་འགན་ལེན་པའི་སྐོར་གྱི་ཆོད་དོན་དང་ཨ་པུའུ་ཏུའུ་ཁི་ལིས་མུའུ་ཨེ་ཙེ་ཙི་ཡི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་ཐོབ་ཐང་མེད་པར་གཏོང་བའི་སྐོར་གྱི་ཆོད་དོན་ཁས་བླངས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།