ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་ཁྲའོ་ཞན་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲིར་ཕེབས་རྒྱུ་རེད།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-06-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས17ཉིན། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡིས་སྨྱན་སྦྱོར་ལ་བརྡ་གཏོང་ཚོགས་འདུ་འཚོགས་ཤིང་། ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་པུའུ་ཀྲང་སུང་ཐའོ་དང་ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ལུའོ་ཀྲའོ་ཧུའེ་ཡིས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཁྲའོ་ཞན་དུ་རྒྱལ་དོན་འཚམས་འདྲིར་ཕེབས་རྒྱུའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་རེད།

སུང་ཐའོ་ཡིས་ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་དང་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱི་གདན་ཞུས་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཟླ6ཚེས20ནས་ཚེས21ཉིན་བར་ཁྲའོ་ཞན་དུ་རྒྱལ་དོན་འཚམས་འདྲིར་ཕེབས་རྒྱུ་རེད། དེ་ནི་རང་རེའི་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་མཐོ་ཤོས་ཀྱིས་ལོ14སོང་རྗེས་ཁྲའོ་ཞན་ལ་སླར་ཡང་འཚམས་འདྲི་གནང་བ་ཞིག་ཡིན་ལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཁྲའོ་ཞན་དུ་འཚམས་འདྲིར་ཕེབས་ཐེངས་དང་པོའང་ཡིན། ཀྲུང་ཁྲའོ་དབར་ཕྱི་འབྲེལ་བཙུགས་ནས་ལོ70འཁོར་བ་དང་ཏག་ཏག་འཁེལ་བའི་ད་རེས་ཀྱི་རྒྱལ་དོན་འཚམས་འདྲི་དེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྔ་འཛིན་ཕྱི་གཏོད་དང་མ་འོངས་གསར་གཏོད་བྱ་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་ཡིན་ཞེས་གསུངས་པ་རེད།

སུང་ཐའོ་ཡིས། མཛའ་གྲོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་པའི་ཀྲུང་ཁྲའོ་རྒྱལ་ཁབ་གཉིས་པོའི་དབར་གྱི་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཀྲུང་གོ་དང་ཁྲའོ་ཞན་དབར་གྱི་འབྲེལ་བར་མཐོང་ཆེན་པོ་བྱེད་ཀྱི་ཡོད། ཕྱི་འབྲེལ་བཙུགས་ནས་ལོ70སོང་རིང་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་དབར་མཐོ་རིམ་འགྲོ་འོང་གི་སྲོལ་རྒྱུན་རྒྱུན་འཁྱོངས་བྱུང་ཞིང་།ཕྱོགས་གཉིས་པོས་རིག་གནས་དང་། སློབ་གསོ། ཚན་རྩལ། ལུས་རྩལ། དམངས་འཚོ་སོགས་ཁྱབ་ཁོངས་སུ་སྤེལ་རེས་མཉམ་ལས་རྒྱུན་འཁྱོངས་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཀྲུང་ཁྲའོ་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་གཞོལ་ཡོད། ལོ་གཅིག་ཙམ་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་མཇལ་འཕྲད་ཐེངས་བཞི་གནང་བ་དང་། ཕྱོགས་གཉིས་པོས་ཀྲུང་ཁྲའོ་དབར་གྱི་འབྲེལ་བ་དང་ཕྱེད་གླིང་གི་དུས་བབ་སོགས་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་ལས་ཐུན་མོང་གི་ངོས་འཛིན་གལ་ཆེན་རབ་དང་རིམ་པ་བྱུང་ནས་ཀྲུང་ཁྲའོ་དབར་གྱི་འབྲེལ་བའི་ལེའུ་གསར་པ་ཞིག་བརྩམས་ཡོད་ཅེས་གསུངས་པ་རེད།

སུང་ཐའོ་ཡིས། ཀྲུང་ཁྲའོ་ཕྱོགས་གཉིས་པོས་ཀྲུང་ཁྲའོ་དབར་གྱི་འབྲེལ་བ་སྲུང་སྐྱོང་ཡག་པོ་བྱེད་པ་དང་། སྲ་བརྟན་ཡག་པོ་གཏོང་བ། འཕེལ་རྒྱས་ཡག་པོ་གཏོང་བ་བཅས་ནི་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཁེ་ཕན་དང་མཐུན་པའི་ངོས་འཛིན་གཅིག་མཐུན་བྱས་ཡོད། ཕྱོགས་གཉིས་པོས་འབྲེལ་ཡོད་ཕྱོགས་ཁག་ལ་ལས་སླ་པོར་ཐོབ་པ་ཞིག་མིན་པའི་ཕྱེད་གླིང་གི་བགྲོ་གླེང་ཞི་ལྷོད་ཀྱི་འཕེལ་ཕྱོགས་ལ་གཅེས་འཛིན་དང་། ཕྱེད་གླིང་དུ་ཉིང་རྡུལ་མེད་པའི་ཁ་ཕྱོགས་མཐའ་འཁྱོངས། ཕྱེད་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བཅས་བྱས་ནས་བགྲོ་གླེང་གྲོས་མོལ་བརྒྱུད་ཕྱེད་གླིང་གི་གནད་དོན་ཐག་གཅོད་བྱ་རྒྱུའི་ལྕག་སྐུལ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་ཀྱིས་འཐབ་ཇུས་གསར་པའི་ལམ་ཕྱོགས་ལག་ལེན་བསྟར་ཏེ། སྙིང་སྟོབས་གཅིག་སྡུད་ཀྱིས་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་བཏང་ནས་བློ་བརྟན་འགྱུར་མེད་ངང་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཕྱོགས་གཉིས་པོས་ཏང་ཕན་ཚུན་དབར་གྱི་འགྲོ་འོང་གི་ནུས་པ་གལ་ཆེན་མུ་མཐུད་འདོན་སྤེལ་བྱེད་པ་དང་། འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ། ཕན་ཚུན་བསམ་ཤེས་དང་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུའི་ནན་བཤད་བྱེད་དགོས་ཞེས་གསུངས་པ་རེད།

སུང་ཐའོ་ཡིས། ཁྲའོ་ཞན་ཕྱོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ད་རེས་འཚམས་འདྲིར་ཕེབས་པར་མཐོང་ཆེན་པོ་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་བཅས་པར་སེམས་རྩ་འཁོལ་པོ་དང་མཛའ་བརྩེ་ཟབ་མོའི་སྒོ་ནས་སྣེ་ལེན་ཞུ་རྒྱུ་རེད། འཚམས་འདྲི་གནང་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་མཇལ་འཛོམས་གྲོས་མོལ་གནང་རྒྱུ་དང་སྦྲགས། ཀྲུང་ཁྲའོ་ཡི་མཛའ་གྲོགས་མཆོད་རྟེན་ལ་མཇལ་ཁ་ཞུ་བ་སོགས་ཀྱི་བྱེད་སྒོར་ཡང་ཞུགས་རྒྱུ་རེད། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་འདས་ཟིན་པའི་ལོ་70ཡི་རིང་གི་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལ་ཕྱིར་དྲན་དང་ཕྱོགས་སྡོམ་གནང་བ་དང་ཆབས་ཅིག དུས་རབས་གསར་པའི་ཀྲུང་ཁྲའོ་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་དགོངས་འཆར་བརྗེ་རེས་ཀྱང་གཏིང་ཟབ་གནང་ནས་རྒྱལ་ཁབ་གཉིས་པོའི་དབར་གྱི་འབྲེལ་བའི་འབྱུང་འགྱུར་གྱི་ཁ་ཕྱོགས་ལ་སྣེ་ཁྲིད་གནང་རྒྱུ་རེད། ཕྱོགས་གཉིས་པོས་ཕྱེད་གླིང་གི་དུས་བབ་སྐོར་ལ་སྔར་བས་དགོངས་འཆར་བརྗེ་རེས་གནང་སྟེ་ཕྱེད་གླིང་གི་གནད་དོན་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་བྱེད་པའི་འཕེལ་རིམ་ལ་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད་ཅེས་གསུངས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།