ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས2019ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  2019ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ཟླ་དྲུག་པའི་ཚེས་བཅུ་བཞི་ཉིན་བོད་ལྗོངས་ལྷ་ས་ནས་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་ནས། གླེང་སྟེགས་འགོ་བརྩམས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། བོད་ལྗོངས་མཚོ་བོད་མཐོ་སྒང་གི་དཀྱིལ་སྙིང་དུ་ཆགས་ཡོད་ལ། ཀྲུང་གོའི་མཐའ་མཚམས་ཀྱི་མི་རིགས་ས་ཁུལ་གལ་ཆེན་ཞིག་ཡིན་པ་དང་། སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་གལ་ཆེན་དང་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ཆོས་རིག་གནས་སྲུང་སྐྱོབ་ས་ཆ་གལ་ཆེན། འཛམ་གླིང་གི་གནས་སྐོར་ས་ཆ་གལ་ཆེན་ཡིན་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། 2019ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་ཡིན་ལ། བོད་ལྗོངས་དམངས་གཙོ་བཅོས་སྒྱུར་བྱས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་ལོ་ཡང་ཡིན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག དུས་ཡུན་ལོ་བཅུ་ཕྲག་འགའི་རིང་ལ། བོད་ལྗོངས་ཀྱིས་ལོ་རྒྱུས་སྟེང་གི་ཆེས་རྒྱ་ཆེ་བ་དང་ཆེས་གཏིང་ཟབ་པའི་སྤྱི་ཚོགས་བཅོས་སྒྱུར་མངོན་འགྱུར་བྱས་པ་དང་། ཞིང་བ་བྲན་གཡོག་ཁྲི་ཕྲག་མང་པོ་བཅིངས་འགྲོལ་བྱས་ནས། རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོ་རུ་གྱུར། ཀྲུང་དབྱང་སྲིད་གཞུང་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཆེན་པོའི་འོག བོད་ལྗོངས་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་ཏེ། དབུལ་ཕོངས་རྗེས་ལུས་ཀྱི་བོད་ལྗོངས་རྙིང་བ་དེ་དཔལ་འབྱོར་རིག་གནས་དར་རྒྱས་ཆེ་ཞིང་སྤྱི་ཚོགས་ཁྱོན་ཡོངས་ནས་ཡར་ཐོན་ཡིན་པ། སྐྱེ་ཁམས་ཁོར་ཡུག་ཧ་ཅང་བཟང་བ། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་བ་རུ་འཛུགས་སྐྲུན་བྱས། བོད་ལྗོངས་ཀྱིས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ནས། མཛེས་སྡུག་བདེ་སྐྱིད་ཀྱི་བོད་ལྗོངས་འཛུགས་སྐྲུན་བྱེད་པ་དང་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་འཕེལ་རྒྱས་སུ་གཏོང་བ། མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ། སྒོ་འབྱེད་ཀྱི་སྲིད་ཇུས་བཟང་བོ་ལག་བསྟར་བྱེད་པ། ཕྱི་ཕྱོགས་བརྗེ་རེས་དང་མཉམ་ལས་རྒྱ་ཆེར་སྤེལ་ནས། དུས་རབས་གསར་བའི་བོད་ལྗོངས་འཕེལ་རྒྱས་ཀྱི་རི་མོ་གསར་བ་འབྲི་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།