ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ནེ་ཀྲིར་གྱི་ཙུང་ཐུང་དབྱི་སུའུ་ཧྥུའུ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཟླ་ལྔ་བའི་ཚེས་ཉེར་དགུ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ནེ་ཀྲིར་གྱི་ཙུང་ཐུང་དབྱི་སུའུ་ཧྥུའུ་ལ་མཇལ་འཕྲད་གནང་།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན།  ཁ་སང་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གཉིས་ཀྱིས་མཛའ་བརྩེའི་གླེང་མོལ་བྱས་ཏེ་ཀྲུང་གོ་དང་ནེ་ཀྲིར་གྱི་མཉམ་ལས་ཐད་འཆར་འགོད་བཟང་བོ་བྱས།  ཀྲུང་གོ་ཕྱོགས་ཀྱིས་ནེ་ཀྲིར་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་དོན་འཁྱོལ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་ཆུ་ཚད་གསར་པ་ཞིག་ཏུ་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད།   ཀྲུང་གོ་མི་དམངས་དང་ཧྥེ་གླིང་མི་དམངས་གང་ཡིན་ཡང་བཙན་རྒྱལ་རིང་ལུགས་དང་མི་སེར་སྤེལ་ཡུལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་ཡོང་བ་ཡིན་ལ།  ཚང་མའི་ཕྲག་སྟེང་དུ་དབུལ་ཕོངས་དང་རྗེས་ལུས་ལས་གྲོལ་བར་བྱས་ཏེ་དར་རྒྱལ་གོང་འཕེལ་མངོན་འགྱུར་བྱེད་པའི་ལས་འགན་ཡོད།   ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་ནེ་ཀྲིར་དམངས་གྲོས་ཁང་བར་གྱི་བརྗེ་རེས་ལ་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

དབྱི་སུའུ་ཧྥུའུ་ཡིས་བསྟན་དོན།   ནེ་ཀྲིར་ཕྱོགས་ཀྱིས་ཀྲུང་གོས་དུས་ཡུན་རིང་བོར་རྒྱབ་སྐྱོར་དང་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུ་བ་ཡིན་ལ།  ཀྲུང་གོ་ཕྱོགས་ཀྱི་འཕེལ་རྒྱས་ཉམས་མྱོང་དཔྱད་གཞིར་བཟུང་སྟེ་ཧུར་ཐག་གིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ཁྲོད་ཞུགས་པ་དང་།   ཕྱོགས་གཉིས་ཀྱི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཟེར།

ཏེན་ཀྲུང་ལིས་མཇལ་འཕྲད་ལ་ཞུགས།

ཉིན་དེའི་ཕྱི་དྲོར།  ནེ་ཀྲིར་གྱི་ཙུང་ཐུང་དབྱི་སུའུ་ཧྥུའུ་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཕེབས་ཏེ་མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་ལ་མེ་ཏོག་གི་ཕྲེང་བ་ཕུལ།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།