ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ཀྲུང་གོ་གོ་མིན་ཏང་གི་སྔོན་ཆད་ཀྱི་ཀྲུའུ་ཞི། ཀྲུང་ཧྭ་ཆིན་ཡན་ཞི་བདེ་སློབ་གསོ་ཐེབས་རྩ་ཚོགས་པའི་ཏུང་ཧྲི་ཀྲང་ཧོང་ཞིག་ཀྲུའུ་ཡིས་སྣེ་ཁྲིད་པའི་ཐེ་ཝན་ལས་རིགས་སོ་སོའི་མི་སྣའི་འཐུས་ཚབ་པར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124488877_15577537156781n.jpg

ཝང་དབྱང་གིས་ཀྲུང་གོ་གོ་མིན་ཏང་གི་སྔོན་ཆད་ཀྱི་ཀྲུའུ་ཞི།  ཀྲུང་ཧྭ་ཆིན་ཡན་ཞི་བདེ་སློབ་གསོ་ཐེབས་རྩ་ཚོགས་པའི་ཏུང་ཧྲི་ཀྲང་ཧོང་ཞིག་ཀྲུའུ་ཡིས་སྣེ་ཁྲིད་པའི་ཐེ་ཝན་ལས་རིགས་སོ་སོའི་མི་སྣའི་འཐུས་ཚབ་པར་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་བཅུ་གསུམ་ཉིན།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།   རྒྱལ་ཡོངས་སྲིད་གྲོས་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིན་ནས་ཀྲུང་གོ་གོ་མིན་ཏང་གི་སྔོན་ཆད་ཀྱི་ཀྲུའུ་ཞི།  ཀྲུང་ཧྭ་ཆིན་ཡན་ཞི་བདེ་སློབ་གསོ་ཐེབས་རྩ་ཚོགས་པའི་ཏུང་ཧྲི་ཀྲང་ཧོང་ཞིག་ཀྲུའུ་ཡིས་སྣེ་ཁྲིད་པའི་ཐེ་ཝན་ལས་རིགས་སོ་སོའི་མི་སྣའི་འཐུས་ཚབ་པར་མཇལ་འཕྲད་གནང་།

ཝང་དབྱང་གིས་ཧོང་ཞིག་ཀྲུའུ་ཡིས་དགུ་གཉིས་ཐུན་མོང་འདུ་ཤེས་རྒྱུན་འཁྱོངས་དང་།  ཐེ་ཝན་རང་བཙན་ལ་ངོ་རྒོལ་བྱས་ཏེ་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་བྱས་རྗེས་བཞག་པར་བསྟོད་བསྔགས་མཛད།     ཁོས་བསྟན་དོན།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟླ་དང་པོའི་ཚེས་གཉིས་ཉིན་ཐེ་ཝན་སྤུན་ཟླར་སྤྲིངས་པའི་ཡི་གེ་སྤེལ་ནས་ལོ་འཁོར་བཞི་བཅུ་ལོན་པའི་རྗེས་དྲན་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱིས་ཐེ་ཝན་སྤུན་ཟླ་དག་གིས་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་།  བརྗེ་རེས་མཉམ་ལས་བྱེད་པ།  མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་ཞི་བདེ་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བ།   མི་རིགས་བསྐྱར་དར་དང་མེས་རྒྱལ་གཅིག་གྱུར་གྱི་རླབས་ཆེན་ལས་དོན་ཁྲོད་ཞུགས་པའི་རེ་འདོད་དྲག་པོ་སྐུལ་སློང་བྱས་ཡོད།   འདིས་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ནི་མི་སེམས་འཁོར་ཕྱོགས་དང་དུས་ཀྱི་འཁོར་ཕྱོགས་ཡིན་པ་མཚོན་པར་བྱས་ཡོད་ཟེར།

ཝང་དབྱང་གིས་བསྟན་དོན། མི་རིགས་བསྐྱར་དར་དང་མེས་རྒྱལ་གཅིག་གྱུར་ནི་ཐེ་ཝན་གྱི་མདུན་ལམ་དང་མི་རིགས་ཀྱི་མ་འོངས་པར་འབྲེལ་བ་ཡོད།   དགུ་གཉིས་ཐུན་མོང་འདུ་ཤེས་རྒྱུན་འཁྱོངས་དང་ཐེ་ཝན་རང་བཙན་ལ་ངོ་རྒོལ་བྱེད་པའི་ཐུན་མོང་ཆབ་སྲིད་རྨང་གཞིའི་སྟེང་།   ང་ཚོས་ཐེ་ཝན་གྱི་ཏང་ཁག་སོ་སོ་དང་ཐུན་མོང་ཚོགས་པ།   མི་སྣ་བཅས་དང་མཉམ་དུ་རྣམ་པ་སྣ་མང་དང་ནང་དོན་རྒྱ་ཆེ་བའི་གྲོས་མོལ་བྱེད་པ་དང་།  ཐུན་མོང་གི་འདུ་ཤེས་གཅིག་བསྡུས་བྱེད་འདོད་ཡོད།   མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླས་སེམས་ཤུགས་གཅིག་སྒྲིལ་བྱས་ན།   ད་གཟོད་མཚོ་འགག་འགྲམ་གཉིས་ཞི་བདེ་འཕེལ་རྒྱས་དང་མེས་རྒྱལ་ཞི་བདེའི་གཅིག་གྱུར།   མི་རིགས་རླབས་ཆེན་བསྐྱར་དར་གྱི་བགྲོད་ལམ་དུ་བསྐྱོད་ཐུབ་ཟེར།

ཧོང་ཞིག་ཀྲུའུ་ཡིས་བཤད་རྒྱུར། འཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླས་དགུ་གཉིས་ཐུན་མོང་འདུ་ཤེས་རྒྱུན་འཁྱོངས་དང་།  ཐེ་ཝན་རང་བཙན་ལ་ངོ་རྒོལ་བྱེད་པ།   བརྗེ་རེས་སྐུལ་སྤེལ་དང་ཕན་ཚུན་བར་གྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ།   འཚོ་འགག་འགྲམ་གཉིས་ཀྱི་ཞི་བདེ་ལམ་ལུགས་ཅན་གྱི་བྱེད་ཐབས་བཟང་བོ་འཚོལ་སྡུད་བྱས་ཏེ་མཚོ་འགག་འགྲམ་གཉིས་ཀྱི་མཉམ་བསྲེས་འཕེལ་རྒྱས་གཏིང་ཟབ་ཏུ་སྤེལ་བ་དང་།   ཞི་བདེའི་གཅིག་གྱུར་མངོན་འགྱུར་བྱེད་པའི་ཐད་སེམས་ཤུགས་འབུལ་བ་དང་།   ལག་རྡང་མཉམ་སྦྲེལ་གྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་མཉམ་སྐྲུན་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།