ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་གྱི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི31.3ཟིན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས6ཉིན། རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གིས་དེ་ཉིན་འགོ་བཙུགས་པའི་གྲངས་འཛིན་གྱི་ཀྲུང་གོ་འཛུགས་སྐྲུན་དབུ་ཚོགས་སྐབས་གཉིས་པར《གྲངས་འཛིན་གྱི་ཀྲུང་གོ་འཛུགས་སྐྲུན་འཕེལ་རྒྱས་ཀྱི་སྙན་ཞུ(2018ལོ)》ཁྱབ་བསྒྲགས་བྱས་ཤིང་། སྙན་ཞུ་ལས་མངོན་དོན། 2018ལོར་རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་གྱི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་31.3ཟིན་པ་དེས་GDPབསྡུར་ཚད་ཀྱི་34.8%བཟུང་ཡོད།

སྙན་ཞུ་ལས་མངོན་དོན། རང་རྒྱལ་གྱི་གསར་གཏོད་མ་ལག་འཛུགས་སྐྲུན་རིམ་གྱིས་འཐུས་སྒོ་ཚང་དུ་ཕྱིན་ནས་2018ལོའི་ལོ་མཇུག་བར་རྒྱལ་ཡོངས་ཀྱི་ཚན་རྩལ་ཅན་གྱི་ཁེ་ལས་ཀྱི་དངུལ་བུན་ལྷག་མ་སྒོར་དུང་ཕྱུར་ཁྲི་3.53ཟིན་པ་དང་། རིགས་ཁག་གི་གསར་གཏོད་བྱེད་པོའི་གསར་གཏོད་གསོན་ཤུགས་རིམ་གྱིས་འཕེལ་ནས་རང་རྒྱལ་གྱི་གསར་གཏོད་སྟོན་གྲངས་གོ་ལ་ཧྲིལ་པོའི་ཨང་17ལ་འཕར་ཡོད་པ་རེད།

སྙན་ཞུའི་ནང་བསྟན་དོན། གྲངས་འཛིན་དཔལ་འབྱོར་གྱིས་འགུལ་ནུས་གསར་པ་སྐྱེད་སྲིང་དང་། སྟོབས་ཆེ། འཕེལ་རྒྱས་བཅས་བཏང་ཞིང་། 2018ལོར་དྲ་ཐོག་ཚོང་དོན་གྱི་ཉོ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་31.63ཟིན་པ་དང་དྲ་རྒྱའི་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་9ལྷག་ཙམ་ཟིན་ཡོད། ཞིང་ལས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ལ་སྐུལ་མ་བརྟན་པོ་བཏང་བ་དང་དྲ་སྦྲེལ་དང་བཟོ་སྐྲུན་ལས་རིགས་གཉིས་མཉམ་འདྲེས་གཏིང་ཟབ་བྱུང་ཡོད། གྲངས་འཛིན་ཅན་གྱི་ལས་རྣམ་གསར་པ་རྒྱུན་ཆད་མེད་པར་ཐོན་པས་རང་རྒྱལ་གྱི་དྲ་རྒྱའི་གཏོང་སྤྲོད་སྤྱོད་མཁན་དུང་ཕྱུར་6ལྷག་ཟིན་པ་དང་། རྒྱལ་གྲོལ་དྲ་ཐོག་ཚོང་དོན་གྱི་སིལ་ཚོང་གི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་མྱུར་པོ་འཕར་ཡོད་པ་རེད།

སྙན་ཞུའི་གྲངས་གཞི་ལས་མངོན་དོན། 2018ལོར་རང་རྒྱལ་གྱི་མཐོ་གསར་ལག་རྩལ་གྱི་བཟོ་སྐྲུན་ལས་རིཌ་ཀྱི་འཕར་ཐང་11.7%འཕར་བ་དེས་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་བསྡུར་ཚད་ཀྱི་13.9%བཟུང་ཡོད། གྲངས་གཞིའི་ཐོན་ཁུངས་དེ་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྒྱུ་རྐྱེན་གཙོ་བོར་གྱུར་པ་དང་ཆ་འཕྲིན་འཛད་སྤྱོད་དེ་ནང་མཁོ་སྐུལ་ཁྲིད་དང་དཔལ་འབྱོར་འཕར་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད།

རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཞའོ་ཝུའེ་ཡིས། 2018ལོར་རང་རྒྱལ་གྱི་ཆ་འཕྲིན་ཅན་གྱི་སྤྱིའི་ཆུ་ཚད་རྒྱུན་མཐུད་མཐོ་རུ་སོང་བ་དང་ཆ་འཕྲིན་ཅན་གྱིས་འཕེལ་རྒྱས་གསར་པའི་འདུ་ཤེས་ལག་བསྟར་གྱི་གོམ་སྟབས་བརྟན་པོ་སྤོས་པས་སྒྱུར་བཅོས་ཆེན་པོའི་ལག་བསྟར་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད་ཅེས་གསར་འགོད་པར་བརྗོད་བྱུང་། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།