ཀྲུང་གོ་བོད་ཀྱི་དྲ་བ།

ལྔ་གཅིག་ངལ་རྩོལ་དུས་ཆེན་སྐབས་རྒྱལ་ཡོངས་སུ་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར1.95ལ་སྣེ་ལེན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རིག་གནས་དང་ཡུལ་སྐོར་པུས་ཚེས4ཉིན་ཡོངས་བསྒྲགས་བྱས་པའི2019ལོའི་ལྔ་གཅིག་ངལ་རྩོལ་དུས་ཆེན་གྱི་ངལ་གསོའི་རིང་གི་རིག་གནས་དང་ཡུལ་སྐོར་ཁྲོམ་རའི་གནས་ཚུལ་ལས་མངོན་གསལ། “ལྔ་གཅིག”ངལ་རྩོལ་དུས་ཆེན་གྱི་ངལ་གསོ་ཉིན་བཞིའི་རིང་། ས་གནས་ཁག་གི་རིག་གནས་དང་ཡུལ་སྐོར་ཐོན་རྫས་མཁོ་སྤྲོད་འདང་ངེས་ཡོད་པ་དང་ཁྲོམ་ར་བརྟན་པོ་དང་གོ་རིམ་ལྡན་པ་ཞིག་ཡོད་པས་མི་དམངས་མང་ཚོགས་ཀྱི་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད།

ས་གནས་ཁག་གི་ཡུལ་སྐོར་སྡེ་ཚན་དང་། འཕྲིན་གཏོང་གཉེར་སྐྱོང་ཚོང་པ། དྲ་ཐོག་ཡུལ་སྐོར་ལས་དོན་ཞབས་ཞུའི་ཚོང་ཁང་བཅས་ཀྱི་གྲངས་གཞི་ཕྱོགས་བསྡུས་བྱས་པ་དང་། རིག་གནས་དང་ཡུལ་སྐོར་པུས་ཕྱོགས་བསྡུས་ཚད་ལེན་ཞིབ་རྩིས་བྱས་པ་བརྒྱུད། 2019ལོའི“ལྔ་གཅིག”ངལ་རྩོལ་དུས་ཆེན་གྱི་ངལ་གསོའི་རིང་རྒྱལ་ཡོངས་སུ་རྒྱལ་ནང་གིས་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར1.95ལ་སྣེ་ལེན་ཞུས་པ་དང་བསྡུར་གཞི་ཡོད་པའི་ཚད་གཞིར་གཞིགས་ན13.7%འཕར་ཡོད་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར1176.7བྱུང་བ་དེ་བསྡུར་གཞི་ཡོད་པའི་ཚད་གཞིར་གཞིགས་ན16.1%འཕར་ཡོད། རྒྱལ་ཡོངས་སུ་ཡུལ་སྐོར་བདེ་འཇགས་དང་འབྲེལ་བ་ཡོད་པའི་དོན་རྐྱེན་དང་ཞུ་གཏུག་གྱོད་གཞི་ཆེན་པོ་ཐོན་མེད།

རིག་གནས་དང་ཡུལ་སྐོར་ཁྲོམ་ར་དར་རྒྱས་བྱུང་ཚད་སྔོན་དཔག་ལས་ཚད་བརྒལ་བྱུང་ཞིང་། ཕ་མ་དང་ཕྲུ་གུ་དང་། ཞིབ་འཇུག་སློབ་སྦྱོང་སོགས་ཀྱི་རྣམ་པའི་ཁྱིམ་ཚང་ཡུལ་སྐོར་བྱེད་མང་དུ་སོང་ནས་དེས་རིག་གནས་དང་། སྤྲོ་གསེང་། བཟའ་འཐུང་། གྲོང་གསེབ་སོགས་ཀྱི་འཛད་སྤྱོད་ལ་སྐུལ་ཁྲིད་བྱས་ཡོད། རིག་གནས་དང་ཡུལ་སྐོར་འཛད་སྤྱོད་བྱེད་ཚད་སྒོར501ནས1000བར་གྱི་ཡུལ་སྐོར་བའི་བསྡུར་གྲངས་མཐོ་ཤོས་ཡིན་པ་དེས38.0%བཟུང་ཡོད་པ་དང་། དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་དང་བསྡུར་ན་བརྒྱ་ཆའི་གྲངས1.2འཕར་ཡོད། ཡུལ་སྐོར་བ་ཆ་སྙོམས་ཕྱིར་བསྐྱོད་པའི་དུས་ཚོད་ཉིན2.25ཡིན། དེ་དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་ལས9.5%འཕར་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།